ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གྱིས་ནོར་སྲིད་ཐིང་དང་མཉམ་དུ《2021ལོའི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་གྱི་མ་མཐའི་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར》འགྲེམ་སྤེལ་བྱས་ཏེ། ཐེངས་འདིའི་ཚད་གཞི་ཇེ་མཐོར་གཏོང་བའི་ལག་བསྟར་དུས་ཚོད་དང་ཚད་གཞི། ཁྱབ་ཁོངས་དང་བྲེ་བྲག་གི་བྱ་བའི་བླང་བྱ་སོགས་ཀྱི་དོན་ཚན་ལ་གཏན་འཁེལ་གསལ་བོ་བྱས།

བརྡ་སྦྱོར་ལས་བསྟན་དོན། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་གྱི་མ་མཐའི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར20ཇེ་མཐོར་བཏང་བ་ཡིན་ལ། སྔོན་ཆད་མི་རེར་ཟླ་རེར་སྒོར15རེ་ཡོད་པའི་རྨང་གཞིའི་སྟེང་སྒོར5རེ་བསྣན་པ་དང་། ཚད་གཞི་ཇེ་མཐོར་བཏང་རྗེས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་གྱི་མ་མཐའི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར113རེ་ཡོད། བརྡ་སྦྱོར་ལས་ས་གནས་སོ་སོས་ཟླ5པའི་ཟླ་མཇུག་སྔོན་དུ་གསར་དུ་བསྣན་པའི་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་དེ་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་ཤིང་། ཐེངས་འདིར་གསར་སྣོན་བྱས་པའི་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་དེ་ས་གནས་རང་གིས་ཇེ་མཐོར་བཏང་བའི་རྨང་གཞིའི་རྒན་གསོ་དངུལ་གྱི་ཚབ་བྱེད་མི་རུང་བར་བསྟན། དེ་དང་ཆབས་ཅིག ས་གནས་སོ་སོའི་འགན་བཅོལ་ཁྲོད་ཞུགས་པའི་སྡོད་དམངས་ཀྱིས་ཚད་གཞི་མཐོ་བའི་དངུལ་སྤྲོད་དང་དུས་ཡུན་རིང་བའི་དངུལ་སྤྲོད་གདམ་གསེས་བྱེད་པར་ཁྲིད་སྟོན་བྱས་ཏེ་རྒན་གསོའི་འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།