ཀན་སུའུ་སྤྱི་ཚོགས་རིང་ལུགས་སློབ་གླིང(ཀན་སུའུ་ཀྲུང་ཧྭ་རིག་གནས་སློབ་གླིང)དངོས་སུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་སྤྱི་ཚོགས་རིང་ལུགས་སློབ་གླིང(ཀན་སུའུ་་ཀྲུང་ཧྭ་རིག་གནས་སློབ་གླིང)གི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཟླ4པའི་ཚེས27ཉིན་སྤེལ་བ་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་སྐུལ་སྤེལ་ཚོགས་པ་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། ཀན་སུའུ་སྤྱི་ཚོགས་རིང་ལུགས་སློབ་གླིང(ཀན་སུའུ་ཀྲུང་ཧྭ་རིག་གནས་སློབ་གླིང)གི་ཡོན་ཀྲང་ཧྲང་ཞུན་ཝུའུ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

ཧྲང་ཞུན་ཝུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཀན་སུའུ་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ཆབ་སྲིད་སློབ་གླིང་དང་མཉམ་འབྲེལ་ཏང་གི་སློབ་གྲྭ གཡུལ་ས་གཙོ་བོ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག གསོ་སྦྱོང་ལས་ཁུངས་བཅས་ཀྱི་ངོ་བོའི་གནས་ཚད་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་དང་ཚན་ཞིབ་གཏིང་ཟབ་མཉམ་འབྲེལ་ལ་སྐུལ་འདེད་བྱས་ནས་ཕྱོགས་སོ་སོའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ཡོད།  ཀྲུང་ཧྭ་རིག་གནས་སློབ་གླིང་གི་སྒོ་བྱང་བཀལ་བ་དེས་ཀན་སུའུ་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་འགན་འཁྲི་སྔར་བས་འཐུས་ཚང་དང་ཁྱབ་ཁོངས་སྔར་བས་ཇེ་ཆེར་ཕྱིན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་ཕན་པ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཀན་སུའུ་གཏམ་རྒྱུད་ལེགས་པོར་བརྗོད་ནས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་དོན་ལ་ཞབས་ཞུ་སྒྲུབ་པར་ཕན་ནུས་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།