ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱིས་ད་ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སུ་སྒོར6924ནས་སྒོར7476བར་ཇེ་མཐོར་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སུ་སྒོར4428ནས་སྒོར4788བར་ཇེ་མཐོར་གཏོང་རྒྱུ་ཡིན་པ་མ་ཟད། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་དང་རྫོང་གིས་ས་གནས་ཀྱི་དོན་དངོས་ལྟར་འོས་འཚམ་ངང་ཚད་གཞི་ཇེ་མཐོར་བཏང་ཆོག ཡིན་ཡང་ཞིང་ཆེན་རིམ་པའི་མཛུབ་སྟོན་ཚད་གཞི་ལས་དམའ་མི་རུང་ལ། ཇེ་མཐོར་བཏང་བའི་ཚད་གཞི་དེ་ཟླ6པའི་སྔོན་དུ་རྩིས་སྤྲོད་བྱ་རྒྱུ་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཆུ་ཚད་ཀྱང་དེ་དང་བསྟུན་ནས་མཐོར་འདེགས་བྱུང་ཡོད་ཅིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་ཆ་སྙོམས་སུ་སྒོར6012ནས་མི་རེར་ལོ་རེར་ཆ་སྙོམས་སུ་སྒོར6492བར་ཇེ་མཐོར་བཏང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་རིགས་དང་པོ་དང་རིགས་གཉིས་པའི་ཁ་གསབ་ཚད་གཞི་སོ་སོ་ནས་སྒོར4428དང4200ནས་སྒོར4788དང་སྒོར4536བར་ཇེ་མཐོར་བཏང་།

དེ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣས་འཚོ་བའི་རང་སྐྱོང་ནུས་ཤུགས་ཡོད་པ་དང་། འཚོ་བའི་རང་སྐྱོང་ནུས་ཤུགས་སྐོར་ཞིག་ཤོར་བ། འཚོ་བའི་རང་སྐྱོང་ནུས་ཤུགས་ཡོངས་སུ་ཤོར་བ་བཅས་ཀྱི་གནས་ཚུལ་གསུམ་ལྟར། བདག་སྐྱོང་གྲོན་དངུལ་ཆ་ཤས་ཤིག་བླངས་ཆོག་པ་དང་། བདག་སྐྱོང་གི་ཚད་གཞི་དེ་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སུ་སྒོར1440རེ་དང་སྒོར2640རེ། སྒོར3840རེ་ལས་མི་དམའ་བ་ནས་མི་ལོ་རེར་མི་རེར་སྒོར1680རེ་དང་། སྒོར3360རེ། སྒོར4800རེ་བཅས་ལས་མི་དམའ་བར་ཇེ་མཐོར་བཏང་། དེ་མིན། ཀན་སུའུ་ཞིང་ཆེན་གྱིས་ད་དུང་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་། དབང་བོ་སྐྱོན་ཅན་ལྗིད་མོའི་བདག་སྐྱོང་ཁ་གསབ་སོགས་ཇེ་མཐོར་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།