བོད་ཁྱིམ་ཞིག་གིས་མེ་འགོག་ཁྲའོ་རོགས་ཐད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལ་བཅངས་པའི་བརྩེ་སེམས།

2020ལོ་ནི་ཀྲུང་གོ་མི་དམངས་དང་བླངས་དམག་དེ་མེ་འགོག་ཁྲའོ་རོགས་འཐབ་མོ་བརྒྱབ་ནས་ལོ་ངོ 70འཁོར་བ་ཡིན། རང་ཁུལ་གྱི་ཅོ་ནེ་རྫོང་ཨ་ཚེ་ཐང་གྲོང་རྡལ་གྱི་པན་ཚང་སྡེ་བ་རུ་ད་བར་དུ་ཉར་ཚགས་བྱས་པའི་བོད་རིགས་མི་དམངས་ཀྱི་མེ་འགོག་ཁྲའོ་རོགས་ཁྲོད་དམར་མདོག་གི་གཏམ་རྒྱུད་ཅིག་བྲིས་ཡོད་པ་དེ་འཛིན་ཡིག་རྙིང་ཧྲུལ་ལྔ་ལས་མངོན་ཐུབ་པ་བྱུང་།    

རྫོང་ཐོག་ཏུ་བྱ་བ་སྒྲུབ་པའི་བོད་རིགས་ལས་བྱེད་པ་ཧའོ་ཙི་པིའོ་ཕ་ཡུལ་དུ་སོང་ནས་རང་ཉིད་ཀྱི་ཁང་བ་རྙིང་བ་ཞིག་གསོ་བྱེད་སྐབས་སུ་སྣང་འཇོག་མི་བྱེད་པའི་ས་ཞིག་ནས་སྒམ་བུ་ཆུང་ཆུང་ཞིག་རྙེད་པ་ཡིན། སྒམ་ཆུང་ནང་དུ་དཔེ་རྙིང་ཞིག་ཡོད་པ་དང་དཔེ་རྙིང་གི་བར་དུ་འཛིན་ཡིག་ལྔ་བཅུག་ཡོད། འཛིན་ཡིག་དེ་དག་རྙིང་ཧྲུལ་སེར་བོར་གྱུར་ཡོད་ནའང་ཉར་ཚགས་བཟང་བོ་བྱས་འདུག འཛིན་ཡིག་ཁ་ཕྱེས་ནས་བལྟས་དུས་ཚང་མ་མེ་འགོག་ཁྲའོ་རོགས་སྐབས་ཀྱི“ཀྲུང་གོ་མི་དམངས་དངུལ་ཁང་ལིན་ཐན་དངུལ་ཁང་གི་ཚབ་བསྡུའི་འཛིན་ཡིག་ཡིན། དེའི་སྟེང་དུ་ཧའོ་དབྱིན་ཧྥུ་ཡིས་ཞལ་འདེབས་ཐེངས་གསུམ་བྱས་པ་དང་ཧའོ་པུའུ་ཀྲོའུ་ཡིས་ཞལ་འདེབས་ཐེངས་གཉིས་བྱས་པའི་མིང་གསལ་བོ་མཐོང་ཐུབ་པ་ཡིན།” ཞལ་འདེབས་སྤྱོད་ཡུལ་དེ“འཐབ་འཛིང་གནམ་གྲུ་དང་འབར་མདེལ་གནམ་གྲུ འཐབ་འཁོར་ཐན་ཁེའི་མཁའ་འཕེན་མེ་སྒྱོགས། མེ་སྒྱོགས། བོའུ་ཆེན། མཁའ་འཕེན་མེ་སྒྱོགས་དང་ལག་ཆ་གཞན་དག་བཅས་རིགས་དྲུག་ཉོ་བྱེད་བཅས་ཡིན།” ཞལ་འདེབས་ཐེངས་ལྔ་བྱས་ཡོད་ལ་བསྡོམས་པས་སྒོར་ཁྲི 2731(དུས་སྐབས་དེའི་སྒོར་མོར་བརྩིས་པ)ཡིན། འཛིན་ཡིག་གི་གཤམ་དུ་ཞལ་འདེབས་འདི་པེ་ཅིན་མེ་འགོག་ཁྲའོ་རོགས་སྤྱིའི་ཚོགས་པར་བསྐུར་བ་གསལ་བོ་བཀོད་ཡོད། འཛིན་ཡིག་གི་གོང་དུ“ཀྲུང་གོ་མི་དམངས་དངུལ་ཁང་ལིན་ཐན་དངུལ་ཁང་གི་ལག་ཆ་ཉོ་བའི་ཞལ་འདེབས་ཀྱི་ཚབ་བསྡུ་འཛིན་ཡིག”ཅེས་བྲིས་པ་མ་ཟད། ཚང་མའི་མིང་འགོད་ཡུལ་ནི“ཀྲུང་གོ་མི་དམངས་དངུལ་ཁང་ལིན་ཐན་དངུལ་ཁང”བཅས་ཡིན། འཛིན་ཡིག་གི་ཞལ་འདེབས་མཁན་ཧའོ་དབྱིན་ཧྥུ་ནི་ཧའོ་ཅི་པིའོ་ཡི་མེས་པོ་ཡིན་པ་དང་ཧའོ་པུའུ་ཀྲོའུ་ནི་ཁོའི་ཨ་ཕ་ཡིན་ཞིང་། འཛིན་ཡིག་རྙིང་ཧྲུལ་སེར་བོ་གྱུར་ཡོད་པ་དེ་དག་ཞལ་འདེབས་སྐབས་ཀྱི་ཤོག་ལྷེའི་བདེན་དཔང་ཡིན།    

མེས་པོ་དང་ཕའི་མིང་བཀོད་པའི་ཞལ་འདེབས་འཛིན་ཡིག་འདི་མཐོང་བས་ན། དེའི་གནས་ཚུལ་གསལ་བོ་ཤེས་འདོད་པས་ཧའོ་ཙི་པིའོ་ཡིས་ཁོའི་ཨ་མར་དྲིས་པ་ཡིན། གནས་ཚུལ་འདི་དྲིས་དུས་ལོ་ངོ 70ལ་ཉར་བའི་དམར་མདོག་དྲན་ཤེས་ཤིག་སྤྱི་ཡོངས་ལ་བསྒྲགས་པ་ཡིན།   

1951ལོའི་ཟླ 6པའི་ཚེས 1ཉིན་ལ། ཀྲུང་གོ་གསར་བ་ཤི་གསོན་ཆགས་འཇིག་དང་འབྲེལ་བའི་མེ་འགོག་ཁྲའོ་རོགས་ཀྱི་འཐབ་འཁྲུག་འདིར་ཀན་ལྷོའི་རིགས་སོ་སོའི་མི་དམངས་དང་རྒྱལ་ཡོངས་ཀྱི་མི་དམངས་དང་གཅིག་མཐུན་སྒོས་ཧུར་བརྩོན་གྱིས་ཏང་ཀྲུང་དབྱང་གི་སྐུལ་སློང་དང་དུ་བླངས་ཏེ། བྱ་སྤྱོད་ངོ་མས་མེ་འགོག་ཁྲའོ་རོགས་ཀྱི་རྒྱལ་གཅེས་ཀྱི་བྱ་འགུལ་ཁྲོད་ཞུགས་པ་ཡིན། 1952ལོར་མེ་འགོག་ཁྲའོ་རོགས་དེ་གནད་འགག་གི་དུས་སྐབས་སུ་བསླེབས་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྐུལ་སློང་དང་དུ་ལེན་ཆེད། ཧའོ་ཙི་པིའོ་ཡི་མེས་པོ་དང་ཕ་རབས་ཀྱིས་ཟས་གོས་བསྲི་ཚགས་བྱེད་པ་དང་། ཁྱིམ་རྒྱུ་དང་འབྲུ་རིགས། ཕྱུགས་ཟོག་དང་དེ་མིན་ཞིང་ཞོར་ཐོན་རྫས་བཙོངས་ནས་ཧུར་བརྩོན་སྒོས་མ་དངུལ་གྲབས་གསོག་བྱས་ཏེ། རྒྱལ་ཁབ་ཀྱིས་མེ་འགོག་ཁྲའོ་རོགས་བྱེད་པར་ནུས་ཤུགས་ཡོད་ཚད་ཕུལ་བས། བོད་ཁྱིམ་ཞིག་གིས་རྒྱལ་གཅེས་དང་གསར་བརྗེའམ་མི་རིགས་ཐད་བཅངས་པའི་ལ་རྒྱ་དང་བརྩེ་སེམས་མཚོན་འདུག    

ཀན་སུའུ་ཞིང་ཆེན་རིག་དངོས་ཞིབ་དཔྱད་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཝང་ཧུའེ་ཡིས་ཞིབ་དཔྱད་བྱས་མཐར་བཤད་པར། བོད་ཁྱིམ་གྱིས་ཀྲུང་གོ་གསར་བ་དང་དམར་མདོག་དྲན་ཤེས་ཕུལ་བའི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བརྩེ་སེམས་མཚོན་པའི་འཛིན་ཡིག་ལྔ་བོ་འདི་དེང་རབས་གསར་བརྗེའི་དངོས་རྫས་གལ་ཆེན་ཞིག་ཡིན་པས་ཉར་ཚགས་བཟང་བོ་བྱ་དགོས།    

འདི་ནི་སྙིང་སྟོབས་ཤིག་ཡིན་ལ་ལོ་རབས་བརྒྱུད་པ་ལས་མི་རྣམས་ཀྱི་དཀའ་ངལ་ཁྲོད་མྱོང་བའི་གཟི་བརྗིད་མཐོང་ཞིང་བོད་ཁུལ་གྱི་བུ་རབས་ཚ་རྒྱུད་ཀྱི་རྒྱལ་གཅེས་ཐད་སྐུལ་མ་ཐེབས་ངེས་ཡིན་ལ། འདི་ནི་སྟོབས་ཤུགས་ཤིག་ཡིན་པ་དེ་ཧའོ་ཙི་པིའོ་ཡི་ཕ་མེས་ཡང་མེས་ཀྱི་རྒྱལ་ཁབ་དང་མི་རིགས་དར་རྒྱས་ཡོང་བར་ཕུལ་བའི་བདེན་དཔང་ཞིག་ཀྱང་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།