ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་དུ་དམངས་ཡོངས་ལ་འགོག་སྨན་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཉིན་འགའི་རིང་། གཙོས་གྲོང་ཁྱེར་གྱིས་འགོག་སྨན་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། རྒྱག་ཡུལ་གྱི་མི་གཅིག་ཀྱང་ཆད་ལུས་མེད་པར་འབད་བཞིན་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། འགོག་སྨན་རྒྱག་པའི་ལས་དོན་སྤེལ་བ་ནས་བཟུང་། གཙོས་གྲོང་ཁྱེར་གྱིས་ལས་དོན་ཚན་ཆུང6དང་འགོག་སྨན་རྒྱག་ས6རྩ་འཛུགས་བྱས་ཡོད་པ་དང་། མིག་སྔའི་བར་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་དང་ཁེ་ལས་ལས་བཟོ་བ། མི་དང་འབྲེལ་འདྲིས་ཆེ་བའི་ངལ་རྩོལ་བ། མཐོ་སློབ་ཀྱི་དགེ་སློབ་སོགས་ལ་དམིགས་ཏེ་འགོག་སྨན་རྒྱག་བཞིན་ཡོད། 

མིག་སྔའི་བར། གཙོས་གྲོང་ཁྱེར་དུ་རིམ་རྩིས་བྱས་ན། འགོག་སྨན12674རྒྱབ་ཡོད།  ཟླ6པའི་ཟླ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི3.83ལ་འགོག་སྨན་རྒྱག་པའི་ལས་དོན་ལེགས་འགྲུབ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།