ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ལོ་ལྔའི་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར534.5བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཀན་སུའུ་ཞིང་ཆེན་གྱིས་དམངས་འཚོའི་བདེ་སྐྱིད་ལ་ཤུགས་སྣོན་བྱེད་པ་དང་སྤྱི་ཚོགས་དྲང་བཞག་ལ་སྐུལ་འདེད་གཏོང་བ་དེ་གཞི་རྩའི་མགོ་རྩོམ་ས་དང་རྐང་འཛུགས་ས་རུ་་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཞི་རྩའི་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས། 2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ཁྲི176.9མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཅུག་པ་དང་། མི་ཁྲི9.4དམིགས་བསལ་དཀའ་ངལ་ཡོད་པའི་བདག་སྐྱོང་བྱ་ཡུལ་དུ་བཞག་ཡོད། ལོ་ལྔའི་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར534.5བཏང་།

ཀན་སུའུ་ཞིང་ཆེན་གྱིས་སྔར་ལས་ལྷག་པར་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་བདག་སྐྱོང་། གནས་སྐབས་ཀྱི་རོགས་སྐྱོར་སོགས་གཞི་རྩའི་འཚོ་བའི་རོགས་སྐྱོར་འཐུས་ཚང་དུ་བཏང་སྟེ། སློབ་གསོ་དང་ལས་ཞུགས། སྨན་བཅོས་སོགས་ཆེད་དམིགས་རོགས་སྐྱོར་ཇེ་ལེགས་སུ་བཏང་། དེ་མིན་ཁེར་འདུག་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ནས་རིམ་བཞིན་ཕྱིར་འཐེན་བྱེད་པ། སློབ་མར་རོགས་སྐྱོར་བྱེད་པ་སོགས་དམངས་ཕན་བྱེད་ཐབས་བཟོས་ཏེ། མཁར་གྲོང་ལ་ཁྱབ་པའི་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་ཀྱི་མ་ལག་བཙུགས་ཡོད། 2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་བདག་སྐྱོང་ཁྱབ་ཁོངས་ཁྲོད་བཅུག་པའི་མང་ཚོགས་སོ་སོར་མི་ཁྲི176.9དང་མི་ཁྲི9.4ལ་སླེབས་ཡོད་ཅིང་། དཀའ་ཁག་དང་དགོས་མཁོ་ལ་དངོས་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཆེད་དོན་རོགས་སྐྱོར་སྤེལ་བ་བརྒྱུད། འགན་སྲུང་བྱེད་དགོས་པ་ཡོངས་སུ་འགན་སྲུང་བྱེད་པ་དང་རོགས་སྐྱོར་བྱེད་དགོས་པ་ཡོངས་སུ་རོགས་སྐྱོར་བྱེད་པ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།