ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར1455ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་བསྡུས་པའི་ཀན་སུའུ་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཅུས་ཀྲང་གི་བརྙན་ལམ་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2020ལོར། ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར2.13སྣེ་ལེན་བྱས་ཏེ། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར1455མངོན་འགྱུར་བྱས།

2020ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་སྐྱོད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་སྐུལ་འདེད་བཏང་སྟེ། དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན། ཏུང་ཧོང་ཞིབ་འཇུག་གླིང་གི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཚོགས་སྤྱིར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་གནང་བ་དང་། ཞིང་སྡེའི་གནས་སྐོར་དེ་དབུལ་ཐར་འགག་སྒྲོལ་གྱི་གཙོ་ཤུགས་སུ་གྱུར་ཡོད། རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་དང་ཁྱིམ་ཚང་མགྲོན་ཁང་བྱ་བའི་ཡུལ་དངོས་ཚོགས་འདུ་དང“རྒྱུད་གཅིག་ལམ་གཅིག”མཛེས་སྡུག་གྲོང་ཚོའི་རྒྱལ་སྤྱིའི་གླེང་སྟེགས་ཀན་སུའུ་ནས་བསྡུས་ལ། ཀན་སུའུ་ཞིང་ཆེན་རྒྱལ་ཡོངས་ཀྱི་རྒྱང་སྐྱོད་དང་ལྕགས་རི་རིང་པོ། རྨ་ཆུའི་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་ཞིང་ཆེན་གལ་ཆེན་དུ་གྱུར་ཡོད། དེ་མིན་ནུབ་རྒྱུད་ལ་སྐོར་བའི་མེ་འཁོར་ཡུལ་སྐོར་དང་། རིག་དངོས་གནའ་རྫས་དཔྱད་ཞིབ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་ཀྱི་ཡུལ་སྐོར་བྱ་འགུལ་རབ་དང་རིམ་སྤེལ་བར་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི5Aརིམ་པའི་ལྗོངས་རྒྱུ་ཁུལ2གསར་སྣོན་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ2སྐུན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།