ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་འབྲུག་ཆུ་རུ་རྨོ་འདེབས་ལས་ལ་བྲེལ་བཞིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གསེར་སྒོ་གྲོང་རྡལ་གྱི་ཞིང་ཁ་སོ་སོ་རུ་ཞིང་བ་རྣམས་རྨོ་འདེབས་ལས་ལ་བྲེལ་བཞིན་པའི་སྣང་ཚུལ་ཞིག་མངོན་པ་དང་། དཔྱིད་མགོ་ཚུགས་དུས་འབྲུག་ཆུ་རྫོང་གསེར་སྒོ་གྲོོང་རྡལ་གྱི་ཧྲ་ཁྲོན་སྡེ་བ། པ་ལི་སྡེ་བ། སོ་ཀླུ་ནང་སྡེ་བ་སོགས་ཀྱི་ཞིང་ཁ་རུ་ཞིང་བ་རྣམས་ཀྱིས་ལ་ལས་རྨོ་འདེབས་འཕྲུལ་འཁོར་གྱིས་ཞིང་རྨོ་བ་དང་། ལ་ལས་ཡུར་མ་ཡུར་བཞིན་ཡོད་པ། ལ་ལས་ས་བོན་འདེབས་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད།

2021ལོའི་ལོ་མགོར་གསེར་སྒོ་གྲོང་རྡལ་གྱིས་དཔྱིད་རྨོད་གྲ་སྒྲིག་གཙོར་བྱས་པའི་ཞིང་ལས་དང་ཞིང་སྡེའི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་བཀོད་སྒྲིག་ཡག་པོ་བྱས་ཏེ། དཔྱིད་འདེབས་ཐོན་སྐྱེད་བཀོད་སྒྲིག་བསམ་འཆར་གཏན་འབེབས་དང་། ཡུལ་དངོས་སུ་སོང་ནས་རྨོ་འདེབས་ཐོན་སྐྱེད་གནས་ཚུལ་རྒྱུས་ལོན་བྱེད་པ། ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་དང་ཕྱོགས་ཡོངས་ནས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་རྩྭ་ཞིང་ལོ་ཏོག་རེས་འདེབས་བྱེད་པ་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།