ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་ཏུ་ཀན་སུའུ་ཞིང་ཆེན་གྱི་འབྲུ་རིགས་དང་བཟའ་སྣུམ་བཟོ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར170ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཀན་སུའུ་ཞིང་ཆེན་གྱི་དངོས་རྫས་གསོག་ཉར་བྱ་བའི་བརྙན་ལམ་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་ཀན་སུའུ་ཞིང་ཆེན་གྱི་འབྲུ་རིགས་མ་ལག་གིས་འབྲུ་རིགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཐོན་ལས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་། ནུས་ཤུགས་ལྡན་པ་དང་སྣེ་ཁྲིད་ཀྱི་ཕན་ནུས་འབུར་ཐོན་ཡིན་པའི་རྐང་འཛིན་ཁེ་ལས་སྐོར་ཞིག་སྐྱེད་སྲིང་དང་རྒྱ་སྐྱེད་པས། འབྲུ་རིགས་དང་བཟའ་སྣུམ་གྱི་ལས་སྣོན་ནུས་ཤུགས་ཕན་འབྲས་ལྡན་པའི་ངང་ནས་ཆེ་རུ་བཏང་།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་ཏུ་ཀན་སུའུ་ཞིང་ཆེན་གྱི་འབྲུ་རིགས་དང་བཟའ་སྣུམ་བཟོ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར170ལ་སླེབས་པ་དང་ལོ་རེར་ཆ་སྙོམས་སུ24.7%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།