ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང14རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་ནང་ཚུད་པ།

LOCAL202101301000000109562362535.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་གཞུང་ལས་ཁང་གིས2021-2023ལོའི་འཛུགས་གཏོད་དུས་འཁོར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གཏན་འབེབས་བྱས་པའི་ཁྲོད་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང14ནང་དུ་ཚུད་ཡོད།

LOCAL202101300959000562285417496.jpg

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་བསྡོམས་པས447ཡོད་ཅིང་། དེའི་ཁྲོད་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང14ནང་དུ་ཚུད་ཡོད་པ་སྟེ་སོ་སོར་པའེ་དབྱིན་གྲོང་ཁྱེར་དང་། ཆིན་དབྱང་གྲོང་ཁྱེར། ཐེན་ཧྲུའེ་གྲོང་ཁྱེར། ཝུའུ་ཝེ་གྲོང་ཁྱེར། ཀྲང་ཡེ་གྲོང་ཁྱེར། དེ་བཞིན་ཁྲུང་ཞིན་རྫོང་དང་། ཏུན་ཧོང་གྲོང་ཁྱེར། གཙོས་གྲོང་ཁྱེར། ཁང་རྫོང་། ལུང་ཞི་རྫོང་། ཆིང་ཧྲུའེ་རྫོང་། སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་། ཡུང་ཅིན་རྫོང་། ཡུས་མོན་གྲོང་ཁྱེར་བཅས་རེད། །

LOCAL202101301000000276883799781.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།