ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པའི་ངང་གྲུབ་རྗེས་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་མཇུག་གྲོལ།

མཇུག་གྲོལ་བའི་གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན 211ཡོད་ལ། དངོས་སུ་ཞུགས་པའི་ཨུ་ཡོན 188ཡོད་པས་གྲོས་ཚོགས་ཚོགས་པའི་ཁྲིམས་བཀོད་མི་གྲངས་དང་མཐུན།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་རིན་ཆེན་དོན་གྲུབ་དང་དུས་འཁོར་ཚང་། ཨན་ཞུས་ལིན། སྒྲོལ་མ་སྐྱབས། ཀྲོའུ་མའེ། དབྱང་ཞུའེ་ཧྥུན། རྨིན་ཡན་ལིན། ཧན་མིང་ཧྲེང་། ཀའོ་ཞའོ་ཏུང་། ཅིན་ཞུས་ཏུང་། ཡུས་ཁྲུན་ཀོང་། ཏུའོ་ཝུན་ཧྥུན། ཀྲང་པིན། སྐལ་བཟང་རྒྱ་མཚོ། ཨན་ཝུན་ཞི། ཝུའུ་ཞའོ་ཧྲུན། འཕགས་པ་ཚེ་རིང་བཅས་ཡིན།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ཀྱིས་ཚོགས་ཆེན་གྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གདན་དྲངས་པ་ལྟར་མཇུག་གྲོལ་བའི་གྲོས་ཚོགས་སུ་ཞུགས་པའི་ཁུལ་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་བློ་མཐུན་རྒན་པར་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། དབྱང་ཝུའུ། དབྱང་ཞུང་། དབྱང་ཅུན། ཧྲི་ཀྲན་ལིའང་། ལུའི་ཀྲེ་ཅུན། ལིའུ་ཡུང་ཀོ ཝང་ཡ་ནན།  དབྱང་ཁྲང་ཏེ། སྒོ་མང་ཚངབློ་བཟང་བརྩོན་འགྲུས་རྒྱ་མཚོ། ཧྲི་ཧྭ་ཞུང་། ཏུང་ཡན་ཆིན། ལིའང་ཝེ་ཅི། མའོ་ཧྲིན་ལི། མ་ལུང་ཆོན། དབྱང་ཆི་ཡོན། རེང་ཡིང་ཕིང་། ཡིའུ་ཏ་ཀང་། ཨ་མགོན། ཏིང་མུའུ་ཏི། ཞུས་ཆང་། ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། རྨིན་ཀྲན་པིའོ། ལུའུ་དབྱི་བཅས་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོའི་ཨུ་ཡོན་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། ཨུ་ཡོན་མ་ཡིན་པའི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁ་ཤས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། རྫོང་སོ་སོ་དང་གྲོང་ཁྱེར་གྱི་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཆབ་སྲིད་གྲོས་ཆོད་དང་། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞི་ཞིབ་བཤེར་ཐོ་འགོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་བརྡས་ཐག་བཅད་ཅིང་གྲོས་འཆམ་བྱུང་།

ཡུས་ཁྲིན་ཧུའེ་ཡིས་གཏམ་བཤད་ཁྲོད་བསྟན་པར། ཚོགས་འདུའི་རིང་ཚོགས་འདུར་ཞུགས་མཁན་ཨུ་ཡོན་རྣམ་པས་སྤྲོ་སེམས་འཁོལ་བའི་གཏམ་བཤད་དང་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་བཏོན་ཏེ། རྗེས་ཕྱོགས་ཀྱི་སྲིད་གྲོས་བྱ་བར་ཐབས་འདོན་ཇུས་འབུལ་གང་ལེགས་བྱས། སླད་ཕྱིན་མུ་མཐུད་དུ་ཏང་དང་མི་དམངས་དང་བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་གྱུར་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་མཐོར་འདེགས་བཏང་ནས་ཀན་ལྷོ་ཡི་གཙོ་གནད་བྱ་བ་དག་ལ་སྐུལ་འདེད་གཏོང་ཆེད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། ཁོ་ཚོས་ཀན་ལྷོ་དང་མང་ཚོགས་ལ་དགའ་ཞེན་བྱས་ཏེ་ཀན་ལྷོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས།

ཡུས་ཁྲིན་ཧུའེ་ཡིས་བསྟན་པར། འགོ་ཁྲིད་ལས་བྱེད་པ་རྒན་གྲས་དག་གིས་སྔོན་ཆད་རང་ཉིད་ཀྱི་བྱ་བའི་ལས་གནས་སྟེང་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་རང་ཉིད་ཀྱི་བློ་རིག་དང་སྟོབས་ཤུགས་ཕུལ་ཡོད་ལ། ཀན་ལྷོའི་བྱ་བ་གཙོ་གནད་དག་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ཁོ་ཚོས་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཕུལ་ཡོད་པ་དེར་བཀའ་དྲིན་ཆེ་ཞུ། རྗེས་ཕྱོགས་སུ་ཁོ་ཚོས་ད་དུང་མུ་མཐུད་དུ་ཀན་ལྷོར་ཐུགས་ཁུར་དང་ཀན་ལྷོ་དྲིལ་བསྒྲགས། ཀན་ལྷོར་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན།

རིན་ཆེན་དོན་གྲུབ་ཀྱིས་བསྟན་པར། ཐེངས་འདིའི་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཕེབས་པ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་གཏམ་བཤད་གནང་ཤིང་། ཁུལ་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། ང་ཚོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་བའི་སྲིད་གྲོས་ཀྱི་བྱ་བ་བཟང་བོ་བསྒྲུབ་རྒྱུའི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཅིང་། ང་ཚོའི་སྲིད་གྲོས་རྩ་འཛུགས་དང་ཨུ་ཡོན་ཡོངས་ལ་སྐུལ་ལྕག་ཆེན་པོ་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་སོགས་ཁུལ་ཐོག་གི་འགོ་ཁྲིད་རྣམས་ཚོགས་འདུ་འགོ་ཚུགས་པ་དང་གྲོལ་བའི་མཛད་སྒོར་ཞུགས་ནས་ཨུ་ཡོན་ཚོའི་ཚོགས་ཆེན་གྱི་གཏམ་བཤད་ལ་ཉན་པ་དང་ཨུ་ཡོན་ཚོ་དང་མཉམ་དུ་ཀན་ལྷོའི་སྒྱུར་འཕེལ་གཏན་གསུམ་གྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་། ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་སྲིད་ཞུགས་སྲིད་གླེང་གི་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས། སྙན་ཞུ་ཁག་ལ་ནན་ཏན་གྱིས་གྲོས་ཞིབ་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་གཏོང་བ། ཐབས་འདོན་ཇུས་འབུལ་ལ་ཧུར་ཐག་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འཕེལ་རྒྱས་འཆར་འགོད་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་དང་། “གནོད་མེད་ལྔའི་ཀན་ལྷོ”སོགས་གླེང་ཚད་ཡོད་ལ་མཐོང་རྒྱ་ཡོད་པའི་བསམ་འཆར་དང་གྲོས་འགོ་དང་གྲོས་གཞི་ཁག་ཅིག་བཏོན། འདིར་ངས་སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སྲིད་གྲོས་ཀྱི་བྱ་བ་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྡེ་ཚན་ཁག་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རིན་ཆེན་དོན་གྲུབ་ཀྱིས་ནན་གྱིས་བསྟན་པར། རླབས་ཆེ་བའི་དམིགས་འབེན་གྱིས་མི་རྣམས་ལ་སྐུལ་མ་གཏོང་སྲིད། གཟི་བརྗིད་ལྡན་པའི་ལས་འགན་དེ་ཐེག་པར་དཀའ་ལ་ཤུལ་ལམ་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་ཤིང་། བློ་གཅིག་སེམས་གཅིག་དང་འབད་འབུངས་མདུན་སྐྱོད་ཀྱི་སྒོ་ནས་རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་འབད་འཐབ་བྱ་ཆེད་ལེགས་སྐྱེས་གསར་བ་དེ་བས་ཆེ་བ་འབུལ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།