ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པས་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི 259ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི 229ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། རིན་ཆེན་དོན་གྲུབ། དབྱང་ཁྲང་ཏེ། སྒོ་མང་ཚངབློ་བཟང་བརྩོན་འགྲུས་རྒྱ་མཚོ། ཧྲི་ཧྭ་ཞུང་། ཏུང་ཡན་ཆིན། ཀྲང་ཀྲི་ཧུང་། ཅའོ་ཝེ་ཀྲུང་། ཧྲང་ཞུའེ་ཅེ་བཅས་ཡིན། ཀྲུའུ་ཞི་སྟེགས་བུར་བཞུགས་མཁན་ལ་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་གཞོན་པ་དང་ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འགོ་ཁྲིད་བློ་མཐུན་གདན་དྲངས་པ་དང་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།

ཚོགས་ཆེན་དུ་ཁུལ་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་ཀན་ལྷོ་ཡི་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་བ། ཀན་ལྷོའི་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག  ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་རྫོང་སོ་སོ་དང་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་ཁྲིམས་ཁང་གི་འགོ་གཙོ། མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།

གྲོས་ཚོགས་ཀྱིས་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ཅིང་གྲོས་འཆམ་བྱུང་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྐོར་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དང 2035ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྐོར་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྐོར་གྱི་འཆར་གཞིའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང 2021ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྐོར་གྱི་སྙན་ཞུ་གྲོས་ཆོད་ལ་གྲོས་འཆམ་བྱུང་།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

བཀྲ་ཤིས་འཚོ་ཡིས་ཚོགས་ཆེན་མཇུག་སྒྲིལ་སྐབས་བསྟན་པར། ཐེངས་འདིའི་ཚོགས་ཆེན་ནི་རང་ཁུལ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་ལྷན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་གསར་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཐེངས་ཤིག་ཡིན། ཚོགས་འདུའི་སྐབས་སུ་ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་མི་དམངས་ཀྱི་མངག་བཅོལ་ཡིད་ལ་བཅངས་ནས་ཐོག་མའི་ཕུགས་འདུན་མི་བརྗེད་པར་དམངས་གཙོ་དར་སྤེལ་དང་། རང་འགན་གཙང་སྒྲུབ་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་འཕེལ་བ་དང་ཚད་མཐོའི་འགན་ཁུར་བའི་འདུ་ཤེས་ཀྱིས་གྲོས་འགོ་འདོན་པ། མི་དམངས་ཀྱི་ཚབ་བྱས་ནས་ས་གནས་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་བྱ་བར་དོ་དམ་བྱེད་པའི་དབང་ཆ་སྤྱོད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གཅིག་སྡུད་སྒོས་མཚོན་ཡོད།

བཀྲ་ཤིས་འཚོས་བསྟན་པར། ད་ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་འགོ་འཛུགས་པའི་ལོ་ཡིན། ང་ཚོས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག་ཏུ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་ཞིང་སྡེ་དར་སྤེལ་ནུས་ལྡན་སྒོས་འབྲེལ་མཐུད་བྱས་ཏེ་ཀན་ལྷོའི་བཅོས་སྒྱུར་དང་གོང་འཕེལ་གཏན་འཇགས་བཅས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་ལ། ང་ཚོས་ནུས་ཤུགས་ཡོད་རྒུས“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་བྱ་འགུལ་ནང་ཞུགས་ནས་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཀྱི་སྣང་བ། བདེ་འཇགས་ཀྱི་སྣང་བ་བཅས་མཐོ་རུ་གཏོང་དགོས།

ཆེས་མཇུག་ཏུ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་གྲོལ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།