ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཀན་སུའུ་ཞིང་ཆེན་གྱིས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར8995མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་གྱི་སྔ་དྲོར་གསར་འགོད་པས2021ལོའི་ཀན་སུའུ་ཞིང་ཆེན་གྱི་རིག་གནས་དང་གནས་སྐོར་ཅུའུ་ཀྲང་གི་བརྙན་ཟློས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2020ལོར། ཀན་སུའུ་ཞིང་ཆེན་གྱིས་གནས་སྐོར་བ་མི་ཐེངས་དུང་ཕྱུར2.13སྣེ་ལེན་བྱས་ཏེ། གནས་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར1455མངོན་འགྱུར་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཀན་སུའུ་ཞིང་ཆེན་གྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས་དུང་ཕྱུར13.2སྣེ་ལེན་བྱས་ནས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར8995མངོན་འགྱུར་བྱས་ལ། སོ་སོ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལྡབ2.5དང་ལྡབ2.8ཡིན། གྲོང་ཚོ་གནས་སྐོར་ལ་བརྟེན་ནས་མང་ཚོགས་ཁྲི55དབུལ་ཐར་བྱུང་བར་སྣེ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ99%དང་སྡེ་ཁུལ92%ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས།

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ། ཀན་སུའུ་ཞིང་ཆེན་གྱིས་སྔར་ལས་ལྷག་པར་རིག་གནས་སྟོབས་ཤུགས་ལ་བརྟེན་ནས། རིག་གནས་དར་རྒྱས་དང་། སྐྱེ་ཁམས་མཛེས་སྡུག མང་ཚོགས་ཕྱུག་པའི་རིག་གནས་གནས་སྐོར་གྱི་ཞིང་ཆེན་སྟོབས་ལྡན་བསྐྲུན་པར་འབད་བརྩོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།