ཀན་ལྷོ་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་ལ་བརྟེན་ནས་འབྲོག་པའི་དབུལ་ཐར་ལམ་བུ་བཏོད་རོགས་བྱས།

W020210205363632595608.jpg

འདི་ནི2020ལོའི་ཟླ6པའི་ཚེས20ཉིན་པར་བླངས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོའི་སྦྲ་གུར་གྲོང་མཛེས་ལྗོངས་ཁུལ་གྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀ་ཤུལ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་དུ་གནས་ཤིང་། སྔོན་ཆད་གནས་འདི་ནི་སྤང་རྒོད་ཅིག་ཡིན་ལ་རྩྭ་ངན་སྐྱེས་ཡོད། 2005ལོར་ཀླུ་ཆུ་རྫོང་གིས་ཀ་ཤུལ་གྲོང་ཚོ་རུ་འབྲོག་པའི་གཞིས་ཆགས་ས་ཚིགས་དང་པོ་བསྐྲུན་ནས་ཆུ་དང་། གློག འགྲོ་ལམ་སོགས་སྤྱི་པའི་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས། དེ་རྗེས་འབྲོག་པ་མང་པོ་ཞིག་ཀ་ཤུལ་གྲོང་ཚོར་སྤོས་པ་དང་ཁྱིམ་ཚང་རེར་ཁང་ས་མུའུ་རེ་བགོས་པ་རེད།

W020210205363633084887.jpg

འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོའི་རྣམ་པ་རེད།

2015ལོར་ཀན་ལྷོ་ཁུལ་གྱིས་ཁོངས་ཡོངས་ལ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་མགོ་བཙུགས་ཏེ་ཁོར་ཡུག་བཅོས་སྒྲིག་གི་ཁྱབ་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཚད་གཞི་མཐོ་རུ་བཏང་བ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ཡོད། ཀན་ལྷོ་ཁུལ་གྱིས་ད་དུང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་མགོ་བཙུགས་པས། རོང་འབྲོག་གྲོང་ཚོ་སྐོར་གཅིག་གྲོང་གསེབ་ཡུལ་སྐོར་གྱི་གྲོང་ཚོ་གྲགས་ཅན་ཏུ་གྱུར་ཡོད།

ས་གནས་དེ་གའི་སྲིད་གཞུང་གིས་རོང་འབྲོག་ཁྱིམ་ཚང་གིས་རང་གྲབས་བྱས་པའི་སྒོར་ཁྲི3དང་སྲིད་གཞུང་གིས་ཁ་གསབ་བྱས་པའི་སྒོར་ཁྲི2ཚད་གཞི་བྱས་ཏེ་ས་གནས་དེ་གའི་འབྲོག་པར་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ལེགས་བཅོས་བྱེད་རོགས་བྱས། འབྲོག་པའི་གཉེར་སྐྱོང་བྱེད་སྟངས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་སྣེ་འདྲེན་ཁེ་ལས་གདན་དྲངས་ནས་འབྲོག་པར་རིན་མེད་ངང་གསོ་སྦྱོང་བྱས་ཏེ་ཁེ་ལས་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གིས་བཟའ་བཏུང་དང་འགྲུལ་ཁང་སོགས་ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་དབུལ་ཐར་ནུས་པ་འཕར་བར་བྱས་པ་རེད།

སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་སྐོར་དང་པོ་ཡིན་པའི་ཆ་ནས་ཀ་ཤུལ་གྲོང་ཚོས་གྲོང་ཚོ་ཡོངས་ལ་མཛེས་ལྗོངས་ཁུལ་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་རེད། དམངས་སྲོལ་ཁྱད་ཆོས་མངོན་གསལ་དོད་པ་དང་གདོད་མའི་རྣམ་པའི་གྲོང་གསེབ་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱེད་པའི་རྨང་གཞིའི་ཐོག ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་ཆེན་བཏོན་པ་རེད།

W020210205363633297188.jpg

ས་གནས་དེ་གའི་འབྲོག་པ་ལྷ་མོ་སྐྱབས་ཀྱིས་རང་གི་བཙུགས་པའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་འགྲུལ་ཁང་ལ་གད་བདར་རྒྱག་བཞིན་པ།

2019ལོར་ཀ་ཤུལ་གྲོང་ཚོ་རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་དུ་རེ་ཞུ་ཐུབ་ནས་ཀན་སུའུ་ཞིང་ཆེན་གྱི་གྲོང་ཚོ་རིམ་པའིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པོར་གྱུར་ཏེ་ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་རོལ་མྱོང་བྱེད་པར་ཡིད་དབང་བཀུག་ཡོད། གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་ཀ་ཤུལ་གྲོང་ཚོས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི69སྣེ་ལེན་ཞུས་པ་དང་། གྲོང་ཚོ་ཡོངས་སུ་ཡུལ་སྐོར་ལས་དོན་པ400ལྷག་ཙམ་ཡོད་པ་དང་གྲོང་ཚོ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི400ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།