ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གཙོས་སུ་གཟབ་རྒྱས་ངང་ཚོགས།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210131101746286.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས31ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གཙོས་སུ་གཟབ་རྒྱས་ངང་ཚོགས།

ཁུལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་རྣམས་གཅིག་ཏུ་འཛོམས་ནས་འདུ་ཤེས་གཅིག་གྱུར་གྱིས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་འགོ་བཟང་པོ་རྩོམ་པ་ཁག་ཐེག་བྱེད་པར་སྟོབས་ཤུགས་དང་ཐབས་འདོན་ཇུས་འབུལ་བྱེད་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན214 ཡོད་ལ། དངོས་སུ་ཞུགས་ཡོད་པའི་ཨུ་ཡོན195ཡོད་པས་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཞུས་ཆང་དང་ཀྲའོ་ཧུང་ཚེ། དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུའུ་ལིན། སྒྲོལ་མ་སྐྱབས། ཀྲོའུ་མེ། དབྱང་ཞུའེ་ཧྥུན། མེང་ཡན་ལིན་བཅས་ཡིན།

20210131102247251.jpg

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚེ་ཡིས་ཚོགས་ཆེན་གྱི་གཙོ་འགན་ཁུར།

ཚོགས་ཆེན་ལ་གདན་ཞུ་བྱས་པའི་འགོ་ཁྲིད་པ་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡོན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་སི་ལིན་ཡོན་ཧྲི་ཡོན་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་བང་ཧྲང་ཞུའེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལའི་ཀྲེ་ཅུན། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་གོ    ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཡིའུ་ཞུའེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥེང་ཞའོ་ལིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བང་ཡ་ནན་དང་དབྱང་ཅན་གོ།  སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། ཧྲི་ཧྭ་ཞུང་། ཏུང་ཡན་ཆིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བང་ཅན་ཅུན་དང་ལིའང་ཝེ་ཅི།  དབྱང་ཀྲེན་ལིན།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་མའོ་ཧྲིན་ལེ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མ་ལུང་ཆོན། ཀན་ལྷོ་ཡན་ལག་དམག་ཁུལ་གྱི་སི་ལིན་ཡོན་གཞོན་པ་དབྱང་ཆི་ཡུང་། རྒྱལ་ཁབ་བདེ་འཇགས་ཅུས་ཀན་ལྷོའི་ཡན་ལག་ཅུས་ཀྱི་ཅུས་ཀྲང་རེན་ཡུས་ཕིང་། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡུའུ་ཏཱ་ཀང་དང་ཨ་མགོན། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞུ་གཞོན་པ་ཏེན་མིའུ་ཏེ། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེ་ཀྲེན་པའོ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་ལུའུ་དབྱི་བཅས་ཡོད།

20210131102917979_副本_副本.jpg

ཀྲུའུ་ཞི་སྟེགས་བུར་བཞུགས་པའི་འགོ་ཁྲིད་ལ། ད་དུང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཅོ་ནེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཧན་མིང་ཧྲེང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་ཀའོ་ཞའོ་ཏུང་། ཁུལ་སྲིད་གྲོས་ཀྱི་སྔར་གྱི་དྲུང་ཡིག་ཆེན་མོའམ་རིམ་པ་གཉིས་པའི་སྐོར་ཞིབ་པ་ཆོན་ཡུང་ཁང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ཅིང་ཞུས་ཏུང་བཅས་ཡོད།

ཐེངས་འདིའི་གྲོས་ཚོགས་སུ་ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོའི་ཨུ་ཡོན་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་ལས་ཁུངས་སོ་སོ། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོའི་གཞུང་སྒྲུབ་ཁང་། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཞིང་ཆེན་དུ་གཏོགས་པའི་ལས་ཁུངས་སོ་སོ། གྲོང་ཁྱེར་དང་རྫོང་སོ་སོའི་སྲིད་གྲོས་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་ཟུར་ཞུགས་བྱས་ཡོད།

གྲོས་ཚོགས་སུ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་གྱི་(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཏམ་བཤད་གལ་ཆེན་གནང་། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ལ་ཉེ་བ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གཟབ་རྒྱས་ངང་འཚོགས་ཤིང་། དེ་ནི 2020ལོ་ཕྱོགས་སྡོམ 2021འཆར་འགོད་བྱེད་པའི་ཚོགས་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཀྱང་རེད། ཐོག་མར་ངས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་དང་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བ་ཡིན།

20210131103136104.jpg

2020ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། ཀན་ལྷོའི་འཕེལ་རྒྱས་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་རེད། རྒྱལ་ཁབ་ཕྱི་ནང་གི་ཛ་དྲག་ཆེ་བའི་གནས་བབ་དང་སྔར་བྱུང་མ་མྱོང་བའི་དཀའ་ངལ་འགྲན་སློང་བཅས་ལ་དམིགས་ཏེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཡོད་ལ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་རྨང་གཞི་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་བསྡུས་སྐུལ་འདེད་བཏང་ནས“བརྟན་པོ་དྲུག”གི་བྱ་བ་ལེགས་པར་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་དང་རིག་པའི་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་ཀྱི་སྤྱིའི་བླང་བྱ་བཏོན་ཡོད། གོ་སྐབས་འདི་དང་བསྟུན་ནས། ངས་ཁུལ་ཨུའི་ཚབ་བྱས་ཏེ་ལྷན་རྒྱས་ལ་རེ་བ་འགའ་འདོན་རྒྱུ་ཡིན། དང་བོ། འགོ་ཚུགས་གཞི་གསར་བ་ལངས་ཕྱོགས་སུ་བཟུང་སྟེ། ཡང་དག་པའི་ཁ་ཕྱོགས་ཁྲོད་བརྟན་པོའི་ངང་མདུན་བསྐྱོད་བྱེད་པ། གཉིས་པ། རྣམ་པ་གསར་བ་དང་འདྲེས་ཤིང་། སྤུས་ཚད་ཀྱི་ཁྲིད་ཕྱོགས་བརྟན་དུ་གཏོང་བའི་ཁྲོད་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་པ། གསུམ་པ། རེ་བ་གསར་བ་དང་བསྟུན། དམངས་འཚོ་འགན་སྲུང་བརྟན་དུ་གཏོང་བའི་ཁྲོད་བདེ་སྐྱིད་སྐྲུན་པ། བཞི་བ། གནས་བབ་གསར་བར་ཁ་གཏད་དེ། གཏན་འཇགས་ཀྱི་གསང་ཐག་བརྟན་པོར་སྲུང་བའི་ཁྲོད་དུ་བཟང་ཆ་འདོན་པ། ལྔ་བ། བླང་བྱ་གསར་བར་དམིགས་ཏེ། རང་ངོས་འཛུགས་སྐྱོང་ཁྲོད་སྔོན་ཐོན་དང་ཕུལ་བྱུང་ལ་བརྩོན་ལེན་བྱ་རྒྱུ་བཅས་ནི་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་དང་རིག་པའི་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ལེའུ་བརྩམས་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ཏང་དབུ་བརྙེས་ཏེ་ལོ་འཁོར 100ལོན་པར་རྟེན་འབྲེལ་ཞུས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《བྱ་བའི་སྙན་ཞུ》ཕུལ།

སྙན་ཞུ་ལས་བསྟན་པར། ༢༠༢༠ལོ་ནི། རང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་མཇུག་སྒྲིལ་བའི་ལོ་ཡིན་ལ། རང་ཁུལ་གྱིས་དམངས་སེམས་གཅིག་ཏུ་བསྒྲིལ་ནས་ཏོག་གསར་ནད་དུག་ལ་འགོག་རྒོལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཀྱང་ཡིན། ལོ་འདིའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱི་འགྱུར་མེད་ཀྱི་འགོ་ཁྲིད་དང་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་སྲོག་ཤིང་གཙོ་བོ་བྱས་ཤིང་། “འཐབ་ཇུས་ཆེན་པོ་ལྔ་”ལག་བསྟར་དང“སྐྱེ་ཁམས་ཆེན་པོ་ལྔའི”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དེ་སྲིད་གྲོས་ཀྱི་བྱ་བའི་གཙོ་གནད་དུ་བཟུང་བ་ཡིན། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ངོས་འཛིན་གཅིག་བསྒྲིལ་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་སུ་བཞག་སྟེ། མཐུན་སྒྲིལ་དང་དམངས་གཙོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དང་དམངས་གཙོའི་ཐབས་ལམ་གལ་ཆེན་ནམ་ཆེད་གཉེར་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོག་མའི་ཕུགས་འདུན་དང་ལས་འགན་ལག་བསྟར་བྱས་ལ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། སྔར་ལས་ལྷག་པའི་གཅིག་མཐུན་གྱི་ངོས་འཛིན་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་མཐའ་མའི་རྒྱལ་ཁ་ལེན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ཕུལ་ཡོད།

ལོ་གཅིག་རིང་རང་ཁུལ་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དེ་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་། འཕེལ་རྒྱས་ཁྲོད་གསར་གཏོད། གསར་གཏོད་ཁྲོད་མཁྲེགས་གཏོར་བྱུང་ཡོད། གྲུབ་འབྲས་འདི་དག་ནི་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་ཚད་མཐོ་བའི་མཐོང་ཆེན་ལ་རག་ལས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོའི་སྤྲོ་སེམས་འཁོལ་བའི་རོགས་རམ་དང་རྒྱབ་སྐྱོར་ལ་རག་ལས་པ་མ་ཟད། སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་སོ་སོ་ཆེའི་ཨུ་ཡོན། སྲིད་གྲོས་ཁུངས་བཅས་ཀྱིས་མཐུན་སྒྲིལ་མཉམ་སྒྲུབ་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུའང་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དེ་དུས་རིམ་གསར་བ་དང་ལས་འགན་གསར་བའི་བླང་བྱ་དང་བསྡུར་ན་ད་དུང་ཞན་ས་དང་མི་འདང་ས་དུ་མ་གནས་ཡོད་པ་ཤེས་ཡོད། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་པ་མི་འདང་བ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་སྤེལ་བ། བྱ་བ་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དུ་ང་ཚོས་དེང་ཕྱིན་གྱི་བྱ་བའི་ནང་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ལེགས་བཅོས་ནན་ཏན་བྱ་རྒྱུ་ཡིན།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན་ལ། རང་ཁུལ་གྱིས“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ”མགོ་ཚུགས་པ་དང“འགྲུལ་བཞུད་གསར་བ”མགོ་འཛུགས་པའི་གནད་འགག་གི་ལོ་ཞིག་ཀྱང་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཡི་བྱ་བར་གནངས་པའི་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས།

གཅིག རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བར་ཤུགས་བསྣན་ནས་བསམ་བློའི་ངོས་འཛིན་གཅིག་མཐུན་དང་བློ་གྲོས་གཅིག་ཏུ་བསྒྲིལ་དགོས།    

གཉིས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་རམ་སྟོབས་ཤུགས་འདོན་དགོས།

གསུམ། དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་ལས་ཀའི་འདུ་ཤེས་གཟབ་ནན་ངང་ལག་ལེན་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་དགོས།

བཞི། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྔར་ལས་མཐོང་ཆེན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས།

ལྔ། གྲོས་མོལ་ལམ་སྲོལ་འཛུགས་པར་ནུས་ལྡན་སྐུལ་འདེད་བྱས་ནས། སྲིད་གྲོས་ལས་དོན་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་དགོས།

དྲུག རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། གསར་གཏོད་དང་ལྡན་པའི་སྒོ་ནས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཁག་ཐེག་ནན་མོ་བྱ་དགོས།

“ལོ་ངོ་བརྒྱ་ཚན་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེང་ཞིང་། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”མགོ་བརྩམས་དང་རྒྱང་སྐྱོད་གསར་བའི་མགོ་འཛུགས་ཀྱི་དུས་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། དུས་རབས་གསར་བའི་ཀན་ལྷོའི་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར་100ལོན་པར་བསུ་མ་བྱེད་པ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་བསྐྲུན་པར་ལེགས་སྐྱེས་གསར་བ་འབུལ་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མེང་ཡན་ལིན་གྱིས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ》ཕུལ།

སྙན་ཞུ་ལས་བསྟན་པར། ད་ལོར་བསྡོམས་པས་གྲོས་གཞི 191བཏོན་ཞིང་ཞིབ་བཤེར་བྱས་མཐར་གྲོས་གཞི 181ཐོ་རུ་བཀོད་ལ་གྲོས་གཞི 3ཐོ་སྒྲིལ་བྱས་ཤིང་གྲོས་གཞི 7ཐོ་འགོད་མ་གནངས། གྲོས་གཞིའི་བྱ་བ་དེ་རྫོང་ངམ་གྲོང་ཁྱེར་དང་སྡེ་ཁག་གམ་ལས་ཁུངས 32བཅས་ལ་ཐེ་ཡོད། འགན་གཉེར་ལས་ཁུངས་སོ་སོའི་འབད་བརྩོན་ལས 2020ལོའི་ཟླ 12བའི་ཟླ་མཇུག་བར་ཐོར་བཀོད་པའི་གྲོས་གཞི181ཚང་མར་བསྒྲུབས་ལན་སློག་ཡོད། དེ་ལས་གནད་དོན་ཐག་ཆོད་པའམ་ཕལ་ཆེར་ཐག་ཆོད་པའི་གྲོས་གཞི་རིགས126ཡོད་ལ་ཐོར་བཀོད་པའི་སྡོམ་གྲངས་ཀྱི69.6%ཟིན་ཡོད། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་0.8འཕར་ཡོད་ལ། འཆར་གཞིའི་ཁྲོར་བཞག་ནས་ལག་བསྟར་བྱ་བཞིན་པའི་གྲངས40ཡོད། 22%ཟིན། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་0.2མར་བབས་ཡོད། ཆ་རྐྱེན་ཀྱི་བཀག་རྒྱའམ་རྐྱེན་གཞན་གྱི་དབང་གིས་གནས་སྐབས་སུ་ཐག་གཅོད་མི་ཐུབ་པའི་གྲོས་གཞི་རིགས15ཡོད་ལ་ཐོར་བཀོད་པའི་སྡོམ་གྲངས་ཀྱི་8.2%ཟིན། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་0.8མར་བབས་ཡོད། ཆ་རྐྱེན་ཀྱི་བཀག་རྒྱས་ཉེ་ཆར་ཐག་མི་ཆོད་པའི་གྲོས་གཞི་དག་འགན་གཉེར་སྡེ་ཁག་དང་ཨུ་ཡོན་རྣམས་གྲོས་བསྡུར་བྱས་ནས་འགྲེལ་བ་དང་གསལ་བཤད་ཞིབ་ཕྲ་བྱས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།