ཀན་ལྷོའི་བོད་ཁུལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

src=http___5b0988e595225.cdn.sohucs.com_images_20180619_2b30f03168314061b8ede8d313aa918d.jpeg&refer=http___5b0988e595225.cdn.sohucs.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱོད་སྐབས། མཛེས་སྡུག་ལྡན་པའི་བོད་སྡེ་དག་དུས་ཚིགས་དེའི་ཆེས་མཛེས་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

དུས་ཡུན་རིང་བོའི་ནང་དུ་རང་བྱུང་དང་ས་ཁམས། ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་གྱིས་ཀན་ལྷོ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ་དང་། སྐྱེ་ཁམས་ཉམས་ཞན་ཡིན་ལ་རང་བྱུང་གི་གནོད་འཚེ་ཡང་ཡང་འབྱུང་བཞིན་ཡོད། ཇི་ལྟར་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དང་། འཚོ་བ་དང་འཛུགས་སྐྲུན་གྱི་འགལ་བ་ཐག་གཅོད་བྱ་རྒྱུ་དེ་ལས་འགན་གཙོ་བོར་གྱུར། ཀན་ལྷོ་ཁུལ་གྱིས་བྱ་བའི་གཙོ་གནད་དང་ཤུགས་སྣོན་ས་དེ་རོང་འབྲོག་སྡེ་བར་བཞག་སྟེ། ནུས་ཤུགས་ཡོད་རྒུས་རོང་འབྲོག་སྡེ་བ་འཕེལ་རྒྱས་གཏོང་བའི་བྱ་ཐབས་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱས་ནས་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་ལག་བསྟར་བྱས། 

གཙོས་གྲོང་ཁྱེར་དུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ121འཛུགས་སྐྲུན་བྱས་པ་དང་རོང་འབྲོག་ཁྱིམ་ཚང2682ཀྱི་མི་ཁྲི2.1ལ་ཕན་པ་ཐོབ། གཙོས་གྲོང་ཁྱེར་གྱིས་འཛུགས་སྐྲུན་ལེགས་གྲུབ་བྱུང་བའི་སྐྱེ་ཁམས་དཔལ་ཡོན་གྱི་སྡེ་བར་བརྟེན་ནས་བོད་རིགས་ཀྱི་དམངས་སྲོལ་མཉམ་འདྲེས་ཐུབ་པ་བྱས་ཏེ། ཁ་གྱ་སྨད་ཤང་ཤིང་ར་སྡེ་བ་དང་འབོ་ར་སྡེ་བ་གཉིས་སུ“ཤིང་རའི་མེ་ཏོག་གི་མཚོ་མོ”དེ་ཞིང་གྲོང་གི་ཕྱོགས་བསྡུས་རྣམ་པའི་ལས་གཞི་འཛུགས་སྐྲུན་བྱས་ཤིང་། ས་གནས་དེ་གའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ལས་ཞུགས་ཐག་གཅོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྡེ་མི་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།

“ས་མུའུ་སྟོང་ལ་མེ་ཏོག་བཏབ་པ་ཕུད། ང་ཚོས་ད་དུང་ཤིང་ར་སྡེ་བ་དང་འབོ་ར་སྡེ་བ། སྐལ་ཙ་སྡེ་བ། རྒྱ་སྒོ་སྡེ་བ་བཅས་སྲིད་འཛིན་སྡེ་བ 4རུ་སོ་སོར་ནོར་ལུག་གསོ་སྤེལ་མཉམ་ལས་ཁང་དང་། སྤུས་ལེགས་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་། བཟའ་བཏུང་ཡུལ་སྐོར་མཉམ་ལས་ཁང་། ཞིང་འཕྲུལ་མཉམ་ལས་ཁང་། སྔོ་ཚལ་དང་ཤིང་འབྲས་ར་བ། མེ་ཏོག་དང་སྡོང་ཕྲུག་གསོ་སྤེལ་གཞི་ས་བཅས་བསྐྲུན་ཡོད”ཅེས་ཤིང་ར་མེ་ཏོག་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་ལི་ཧྲེ་ལེ་ཡིས་བཤད། 

“ང་ཚོའི་གྲོང་ཁྱེར་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར 9282ཟིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད 8%ཀྱི་ཡན་ཡིན”ཞེས་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལུའུ་ཡུང་ཀོའེ་ཡིས་ངོ་སྤྲོད་བྱས། གཙོས་གྲོང་ཁྱེར་གྱིས་བེའུ་གསོ་སྤེལ་དང་མཛོ་མོ་གསོ་སྤེལ་གྱི་ཐོན་ལས་ཁུལ་ཆེན་མོ་གཉིས་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཤུགས་ཆེན་པོས་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་བ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་སྟོབས་ཆེར་བཏང་བས་རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་ངང་ཡོང་འབབ་འཕར་སྣོན་ཡོང་བར་བྱས།

ཀན་ལྷོ་ཁུལ་གྱིས་རོང་ཁུལ་དང་འབྲོག་ཁུལ། རོང་མ་འབྲོག་གི་ས་ཆ་བཅས་ཀྱི་སོ་སོའི་གཙོ་ཁྲིད་ཐོན་ལས་ལེགས་སྒྱུར་བྱས་ཏེ། ནོར་གནག་དང་བོད་ལུག བཞོན་མ། བཤས་ཁོངས་སུ་གཏོང་རྒྱུའི་ནོར་ལུག ཁྱད་ལྡན་གསོ་སྤེལ་སོགས“ཕྱུགས་རིགས་ཐོན་ལས་ཆེན་མོ་ལྔ”དང་། བོད་ལུགས་དང་ཀྲུང་ལུགས་སྨན་རྩྭ། མཐོ་སྒང་གི་དབྱར་ཁའི་སྔོ་ཚལ། སྤུས་ལེགས་ནས། རྒྱུད་འདྲེས་པད་ཁ། དཔལ་འབྱོར་ཤིང་ཏོག་སོགས“འདེབས་འཛུགས་ལས་རིགས་ཀྱི་ཐོན་ལས་ཆེན་མོ་ལྔ”འཕེལ་རྒྱས་བཏང་ནས་དེང་རབས་ཞིང་ཕྱུགས་ལས་ཀྱི་རྨང་གཞི་བརྟན་པོར་བཏང་།

ཀན་ལྷོ་ཁུལ་གྱིས་རོང་འབྲོག་མང་ཚོགས“ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་། མ་དངུལ་མ་རྐང་དུ་འགྱུར་བ། ཞིང་བ་རྐང་བདག་ཏུ་འགྱུར་བ”བཅས་ཀྱི་བཅོས་སྒྱུར་ནང་ཞུགས་པར་སྐུལ་ཁྲིད་བྱས་པས། ཚོད་ལྟའི་སྡེ་བའི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་སྒོར་ཁྲི 5ཡན་ཟིན། མིག་སྔར། ཀན་ལྷོ་ཁུལ་གྱིས་ཡུལ་སྐོར་ཆེད་ལས་སྡེ་བ 167འཛུགས་སྐྲུན་བྱས་པ་དང་། ཡུལ་སྐོར་དབུལ་སྐྱོར་གྱི་གཙོ་གནད་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི 67ལག་བསྟར་བྱས་ཤིང་། ཞིང་ཁྱིམ་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང 1449འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་པས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་ཆ་རྐྱེན་ལེགས་པོ་བསྐྲུན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།