ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས“ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ”ཞེས་པའི་དྲིལ་བསྒྲགས་དང་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་བས་གཙོས་གྲོང་ཁྱེར་དུ “ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ”ཞེས་པའི་དྲིལ་བསྒྲགས་དང་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་སྐབས། གསར་འགྱུར་སྨྱན་སྦྱོར་སྣ་ཚོགས་ལ་བརྟེན་ནས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས། ལས་བྱེད་པ་དང་ལས་བཟོ་བ་རྣམས་རྩ་འཛུགས་བྱས་ཏེ་ཚན་ཆུང་དང་ས་ཁོངས་བགོས་ཏེ། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་སོང་ནས་ རྒྱ་ཆེའི་མང་ཚོགས་དང་ཚོང་བདག་ལ 《ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པའི་གྲོས་འདོན་ཡི་གེ》བཀྲམ། ཚོང་བདག་ལ“ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ”ཞེས་པའི་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་ཚོང་བདག་ལ་འཛད་སྤྱོད་པར་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་བཟོས་རྫས་ཕྱིར་ཚོང་དང་། མཁོ་སྤྲོད། བེད་སྤྱོད་བཅས་བྱེད་མི་ཆོག་པའི་དྲན་སྐུལ་བྱས་པ་མ་ཟད། ད་དུང་ཚོང་བདག་དང“ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ”ཞེས་པའི་ཁས་ལེན་ཡི་གེ་བཞག་པ་དང་དྲིལ་བསྒྲགས་བྱ་འགུལ་སྤེལ་སྐབས་སུ་ཤེས་རྟོགས་བྱུང་བའི་ཐེངས་གཅིག་རང་བཞིན་གྱི་ཟས་སྣོད་དང་ཁ་ཕོར། ཁུག་མ་བཅས་གཞུང་བཞེས་བྱས། 

མིག་སྔའི་བར་བསྡོམས་པས་ཁྲིམས་འཛིན་མི་སྣ་མི་ཐེངས 140ལྷག་གིས《ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པའི་གྲོས་འདོན་ཡི་གེ》5000ལྷག་དང《ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པའི་ཁས་ལེན་ཡི་གེ》3000ལྷག་སྤྲད། ཐེངས་གཅིག་རང་བཞིན་གྱི་ཟས་སྣོད་དང་འགྱིག་ཤོག་སྤྱི་རྒྱ 120ལྷག་ཕྱིར་བསྡུས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།