ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོན་ལས་ཀྱི་འབབ་འཕར་གསོ་སྐྱོང་བྱེད་པར་རོགས་སྐྱོར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་དགོས་ན། དབུལ་ཐར་མཁྲེགས་གཏོར་དང་ཐོན་ལས་དབུལ་སྐྱོར་བྱེད་པ་འཐབ་ཕྱོགས་གཙོ་བོར་འཛིན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་ནས་བཟུང་། ཅོ་ནེ་རྫོང་གིས་སྐྱེ་ཁམས་ཀྱི་བབ་བཟང་འཕེལ་ཕྱོགས་སུ་བཟུང་སྟེ་གསོ་སྐྱོང་བྱས་ཤིང་། ཐོན་ལས་དབུལ་སྐྱོར་བྱེད་པ་བྱ་གཞག་ཆེས་ཆེན་པོ་དང་མང་ཚོགས་ཀྱི་འཚོ་གཞི་དང་བོར་བརྩིས་ནས། སྲིད་གཞུང་གི་སྣེ་ཁྲིད་དང་ཚོང་རའི་གཙོ་ཁྲིད། སྲིད་ཇུས་ཀྱི་སྐུལ་མ་སོགས་གཞིར་བྱས་པ་བརྒྱུད། ཁྱད་ལྡན་གྱི་གསོ་སྤེལ་ལས་རིགས་དང་སྔོ་ཚལ་དྲོད་ཁང་། ཞིང་བའི་སྤྲོ་ཁྱིམ། ལས་སྣོན་གྱི་རིགས། ཉ་གསོ་དྲ་སྒམ། ཚོང་དོན་འཁོར་རྒྱུག་སོགས་ཁྱད་ལྡན་ཐོན་ལས་ཤུགས་ཆེན་སྒོས་འཕེལ་རྒྱས་བཏང་ནས། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་པའི་བྱ་བའི་ཁྲོད། ཐོན་ལས་དབུལ་སྐྱོར་གྱི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། རྣ་ལུང་གྲོང་རྡལ་རྣ་ལུང་སྡེ་བས“སྡེ་བའི་ཐུན་མོང་དཔལ་འབྱོར +མཉམ་ལས་ཁང +ཁྱིམ་ཚང་དབུལ་བོ།”ཡི་འཕེལ་རྒྱས་ཀྱི་རྣམ་པ་ཁྱབ་སྤེལ་བཏང་སྟེ། སྔོ་ཚལ་དྲོད་ཁང་གི་འདེབས་འཛུགས་བྱ་བ་དམངས་ཕྱུག་སྡེ་འཕེལ་གྱི་གཙོ་ཁྲིད་ཐོན་ལས་ལ་བཟུང་ཡོད་ཅིང་། 2018ལོར་སྔོ་ཚལ་འདེབས་འཛུགས་ཀྱི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས། ས་ཁུལ་ཉིད་ཀྱི་ཁྱིམ་ཚང་དབུལ་བོ99དེའི་ནང་བསྡུས་པ་དང་། ལོ་མཇུག་ལ་མཉམ་ལས་ཁང་གིས་དམངས་སྒོར་ཁྲི 34.57གྱི་ཡོང་འབབ་བགོས་ཤིང་། 2019ལོར་དབུལ་བོའི་ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱིས་དམངས་སྒོར3200ཡན་གྱི་ཡོང་འབབ་ཡོད།

རིག་གནས་སྔོག་འདོན་བྱས་ཏེ་ཁྱད་ཆོས་མངོན་པ། “སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་ཇུས་འགོད་ཚད་གཞིར་འཛིན་པ་དང་། རང་བྱུང་སྐྱེ་ཁམས་ཀྱི་ནུས་ཁུངས་ཕུན་སུམ་ཚོགས་པ་དང་དམངས་སྲོལ་རིག་གནས་ཀྱི་རྨང་རྫོང་མཐུག་པོ་སོགས་བརྒྱབ་བརྟེན་དུ་འཛིན་པ། སྲོལ་རྒྱུན་དང་སྡེ་བའི་ཁྱད་ལྡན་རིག་གནས་སྔོག་འདོན་གང་ལེགས་བྱས་པ་བཅས་ཀྱི་རྨང་གཞིའི་སྟེང་། རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་མང་ཚོགས་ཀྱི་ཁྱད་ལྡན་སྡོད་ཁང་གི་རྣམ་པར་བསྒྱུར་བཀོད་བྱས་ཏེ། བོད་མི་རིགས་ཀྱི་ལོ་རྒྱུས་དང་རང་བྱུང་སྐྱེ་ཁམས། ས་ཁུལ་ཉིད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་པར་དོད་ཡོད། མངོན་མེད་རང་བྱུང་ནུས་ཁུངས་དང་རིག་གནས་ནུས་ཁུངས་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་བྱེད་ཀྱི་མ་རྩར་བསྒྱུར་ཏེ། “རི་ཆུ་གང་འཛོམས་ཀྱི་དཔའ་ཡུལ་སྡེ་བ་དང་ལྐོག་གྱུར་གྱི་བརྒྱ་མཆེད་སྡེ་བ། ངོ་མཚར་གྱི་ཉིན་པ་སྡེ་བ། ཚོན་མདངས་བཀྲ་བའི་ཞི་ནེ་ཁོག་སྡེ་བ།”སོགས་སྐྱེ་ཁམས་ཉམས་ལེན་གྱི་རྣམ་པ་ཅན་དང་དམངས་སྲོལ་རིག་གནས་ཀྱི་རྣམ་པ་ཅན། ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་ཅན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐོར་ཞིག་སྔ་རྗེས་སུ་འཛུགས་སྐྲུན་བྱས།

ལྗང་མདོག་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ། ཁུལ་ཡོངས་ཀྱིས“ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཡུལ་སྐོར་དཔེ་སྟོན་ཁུལ”འཛུགས་སྐྲུན་བྱེད་བཞིན་པའི་བརྒྱུད་རིམ་ཁྲོད། ཅོ་ནེ་རྫོང་གིས་དེ་དང་གཅིག་སྦྲེལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས། མིག་སྔར་གནས་པའི་སྐྱེ་ཁམས་ནུས་ཁུངས་སྔོག་འདོན་གང་ལེགས་དང་གསར་སྤེལ་བྱས་ནས། མ་རུ་གྲོང་རྡལ་ལུས་གསེར་སྡེ་བས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་དང“ཁོར་ཡུག་གསར་བརྗེ”ཡི་འཕེལ་འགྱུར་ལས་གཞི་གཉིས་ལ་བརྟེན་ནས་སྡེ་བའི་ཕྱིའི་རྣམ་པ་ལེགས་བསྒྱུར་གྱི་དམིགས་འབེན་ལེགས་གྲུབ་བྱས་ཤིང་། སྡོད་ཁུལ་གྱི་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་ལ། རི་ཆུ་དྭགས་གཙང་དང་ཞིང་ཁུལ་ལྷིང་འཇགས། འཚོ་བ་བདེ་སྐྱིད། སྡེ་ཁུལ་མཛེས་སྡུག་གི་རྣམ་པ་གསར་བ་ཞིག་མངོན་པར་ཤར་ཡོད། 2016ལོ་ནས་བཟུང་། ཞིང་ཆེན་རིམ་པའི་ལམ་ཐིག 306གི་གཙོས་ནས་ཅོ་ནེའི་ལམ་བར་གྱི་ཀེ་ཚེའི་མེ་ཏོག་གི་རྒྱ་མཚོའི་ནང་མངོན་པར་གསལ་བའི“ཚོན་མདངས་སྣ་ལྔའི་ཅོ་ནེ”ཞེས་པ་དང“ལྐོག་གྱུར་གྱི་གནས་མཆོག་ཅོ་ནེ”ཞེས་པ་སོགས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི logoཡིས་སྣེ་དྲངས་པའི་མཛེས་ལྗོངས་ཤིག་ཡུལ་སྐོར་བ་ཚོའི་མིག་ལམ་དུ་བཤམས་ནས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།