འབྲུག་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས“ས་ཁོངས་ཧྲིལ་བོར་སྦགས་བཙོག་གི་གནོད་པ་མེད་པར”སྐུལ་འདེད་བཏང་ནས་སྔོ་ལྗང་རི་ཆུ་བརྟན་སྲུང་བྱས།

src=http___www.zqx.gov.cn___local_6_91_6C_0C652A5147B0AAFB1C9D2559721_FA927D29_B9ADA.jpg&refer=http___www.zqx.gov.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས“ས་ཁོངས་ཧྲིལ་བོར་སྦགས་བཙོག་གི་གནོད་པ་མེད་པར”སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་རླུང་ཁམས་ཆེན་མོ་དང་ཆུ་གཟུགས། ས་གཤིས་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱས་ཏེ་བོད་ཡུལ་གྱི་ས་གཞི་ཆེན་མོའི་སྟེང་དུ་སྤང་རི་སྔོན་མོ་གཏན་དུ་གནས་པ་དང་དྭངས་གཙང་ཆུ་བོར་རྒྱུན་ཆད་མེད་པར་བཞུར་ཞིང་མཁའ་དབུགས་ནམ་ཡང་དྭངས་གཙང་ཡིན་པར་སྐུལ་འདེད་ཏན་ཏིག་བྱས།

གནམ་སྔོན་མོ་སྲུང་འཛིན་གྱི་གཡུལ་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་པ། རླུང་ཁམས་ཆེན་མོའི་སྦགས་བཙོག་སྔོན་འགོག་གི་བླང་བྱ་ལྟར་ཕྱོགས་ཡོངས་ནས་ས་རྡུལ་གྱི་སྦགས་བཙོག་དང་རྡོ་སོལ་གྱི་སྦགས་བཙོག འཚོ་བའི་གད་སྙིགས་ཀྱི་སྦགས་བཙོག་སོགས་བཅོས་སྐྱོང་བྱས་ཏེ་རྫོང་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་།

དྭངས་གཙང་ཆུ་བོ་སྲུང་འཛིན་གྱི་གཡུལ་འཐབ་ལ་ནུས་ཤུགས་ཡོད་རྒུ་བཏོན་པ། འབྲུག་ཆུ་རྫོང་གིས་ཆུའི་སྦགས་བཙོག་སྔོན་འགོག་གི་བྱེད་སྒོ་གཏིང་ཟབ་ངང་ལག་བསྟར་བྱས་ཤིང་། ཕྱོགས་ཡོངས་ནས་ཆུའི་སྦགས་བཙོག་སྔོན་འགོག་བྱེད་སྒོའི་འཆར་གཞི་དམ་པོར་བཟུང་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་བྱས། སྦགས་བཙོག་ཕྱིར་འབུད་དང་སྐྱེ་ཁམས་རྒྱ་བསྐྱེད་གཉིས་ཀྱི་ནུས་ཤུགས་མཉམ་འདོན་བྱས་ནས་བཟོ་ལས་དང་། ཞིང་ལས། འཚོ་བའི་གད་སྙིགས་ཀྱི་སྦགས་བཙོག ཆུའི་སྐྱེ་ཁམས་མ་ལག་བཅོས་སྐྱོང་བཅས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། གྲོང་རྡལ་དང་གྲོང་གསེབ་ཀྱི་བཙོག་ཆུ་ཐག་གཅོད། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ། ས་ཁོངས་ཧྲིལ་བོའི་ཆུ་རྒྱུན་གཙང་སེལ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས་ཆུའི་སྦགས་བཙོག་སྔོན་འགོག་ཐད་ཀྱི་བྱ་བར་སྐུལ་འདེད་བཏང་། 

ས་གཙང་སྲུང་འཛིན་གྱི་གཡུལ་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་བ། འབྲུག་ཆུ་རྫོང་གིས་ས་གཤིས་སྦགས་བཙོག་སྔོན་འགོག་གི་བྱེད་སྒོ་གཏིང་ཟབ་ངང་ལག་བསྟར་བྱས་ནས་གཙོ་གནད་ས་ཁོངས་དང་ལས་རིགས། སྦགས་བཙོག་དངོས་རྫས་བཅས་གཙིགས་སུ་བཟུང་སྟེ་ཞིང་ལས་ས་ཆ་དང་གྲོང་ཁྱེར་འཛུགས་སྐྲུན་ས་ཆའི་ས་གཤིས་ཁོར་ཡུག་ཉེན་ཁར་ནུས་ཤུགས་ཡོད་རྒུས་དོ་དམ་དང་ཚོད་འཛིན་བྱས་ཤིང་། ས་གཤིས་སྦགས་བཙོག་ཀྱི་འགོ་ཁུངས་ཀྱི་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱེད་སྒོར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁྱིམ་གཞིས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད། ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་བར་སྟོང་ལ་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་། སྤྱི་ཕན་ནགས་ཚལ་འཛུགས་སྐྲུན། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ། ས་གཤིས་གནོད་སྐྱོན་སྔོན་འགོག་སོགས་ཀྱིི་ལས་གཞི་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་འགྱུར་དང་མཛེས་བསྒྱུར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།