ཟླ1པོའི་ཚེས25ཉིན་ནས་བཟུང་ཀན་ལྷོར་ཡོང་བ་དང་ཕྱིར་ལོག་མཁན་དག་གིས་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། ཀན་སུའུ་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་བསྒྲགས་པར། ཀན་ལྷོར་ཡོང་བ་དང་ཕྱིར་ལོག་མཁན་དག་གིས་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་དགོས།    

ཀན་ལྷོར་ཡོང་བ་དང་ཕྱིར་ལོག་མཁན་དག་གིས་ཤེས་དགོས་པའི་དོན་ཚན།

1.ཉེན་ཆེ་ཁུལ་ནས་ཀན་ལྷོར་ཡོང་མཁན་དང་ལོག་མཁན་ཚོས་ངེས་པར་དུ་ཉིན14གཅིག་སྡུད་ལོགས་བཀར་བྱེད་དགོས་པ་དང་ལོགས་སུ་བཀར་སྐབས་ཉུང་མཐར་ཡང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱེད་དགོས།    

2.ཉེན་འབྲིང་ཁུལ་ནས་ཀན་ལྷོར་ཡོང་མཁན་དང་ལོག་མཁན་དག་གིས་ནུས་ལྡན་གྱི་བདེ་ཐང་ཨང་རྟགས“ལྗང་མདོག་ཨང་རྟགས”དང་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་སྤྲོད་བྱེད་དགོས།  བདེ་ཐང་བཤེར་རིས“ལྗང་མདོག་བཤེར་རིས”ཡིན་དགོས་པ་མ་ཟད། ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་ཚེ་ཁྱིམ་དུ་བསྡད་དེ་ཉིན14ལ་བདེ་ཐང་ལྟ་ཞིབ་བྱེད་དགོས། ཉིན7པ་ནས10པའི་བར་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་དགོས། གལ་ཏེ་དུས་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་སྤྲོད་བྱེད་མི་ཐུབ་ན། གནས་སྐབས་སུ་ལྟ་རྟོག་བྱས་ནས་ཉིང་སྐྱུར་བཤེར་འཇལ་བྱེད་དགོས།    

3.ཉེན་ཆུང་ཁུལ་ནས་ཀན་ལྷོར་ཡོང་མཁན་དང་ལོག་མཁན་དག་གིས་ནུས་ལྡན་གྱི་བདེ་ཐང་བཤེར་རིས“ལྗང་མདོག་བཤེར་རིས”དང་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་དགོས། གལ་ཏེ་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་མི་ཐུབ་ན། དམིགས་སའི་སྡེ་ཁུལ(གྲོང་ཚོ་ཚན་པ)ལ་སྙན་སེང་ཞུས་ནས་དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས།    

ཞིང་ཆེན་གཞན་ནས་ལོག་མཁན་དག་གིས་ཤེས་དགོས་པའི་དོན་ཚན།

1.ཞིང་ཆེན་གཞན་ནས་ཕྱིར་ལོག་པའི་མི་སྣ་ཞེས་པ་ནི་ཞིང་ཆེན་གཞན་ནས་ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་དུ་ཕྱིར་ལོག་པའི་མི་སྣར་གོ་བ་ཡིན།    

2.ཞིང་ཆེན་གཞན་ནས་ཕྱིར་ལོག་བྱེད་མཁན་ཚོས་ངེས་པར་དུ་ཁྱིམ་དུ་ཉིན14ལ་བསྡད་དེ་བདེ་ཐང་ལྟ་ཞིབ་བྱེད་དགོས་པ་དང་། དེའི་རིང་ཉིན7རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས།    

3.ཕ་ཡུལ་དུ་ལོག་མཁན་གྱིས་ཡོང་སའམ་ཡང་ན་དམིགས་སའི་ཡུལ་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོབ་ཐང་ཡོད་པའི་སྨན་བཅོས་ལས་ཁུངས་དང་རིམས་ནད་ཚོད་འཛིན་ལས་ཁུངས། ཡང་ན་ཕྱོགས་གསུམ་པའི་བརྟག་དཔྱད་ལས་ཁུངས་ནས་བརྟག་དཔྱད་བྱེད་དགོས་པ་དང་ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་བཤེར་རིས་བཟུང་ནས་ཕ་ཡུལ་དུ་ལོག་དགོས།

མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་དགོས་མེད་ཀྱི་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་དགོས།    

ཚང་མས་དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱས་ནས་བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་འདྲེས་བར་ཐག་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་དགོས། དུས་རྒྱུན་ལག་པ་བཀྲུ་བ་དང་། ཁང་བའི་ནང་གི་མཁའ་དབུགས་འཁོར་རྒྱུག གཞན་ཁྱིམ་དུ་མི་ཉུལ་བ། འདུ་འཛོམས་མི་བྱེད་པའི་འཕྲོད་བསྟེན་གོམས་གཤིས་ཆགས་སུ

ཉེ་བའི་དུས་འདིར། མི་ཚང་མར་དགོས་མེད་དུ་ཞིང་ཆེན་གཞན་དུ་མི་འགྲོ་བ་དང་། གལ་སྲིད་འགྲོ་དགོས་ཚེ་འགྲོ་ཡུལ་གྱི་རིམས་འགོག་ཚོད་འཛིན་སྲིད་ཇུས་དུས་ཐོག་ཏུ་རྒྱུས་ལོན་བྱེད་དགོས་པ་མ་ཟད། ཆུ་ཚོད72ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་འཁྱེར་དགོས་པར་དྲན་སྐུལ་བྱས་པའོ། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།