ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་འཚོགས་མགོ་བརྩམས།

1127022244_16115537916651n.jpg

ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ལན་ཀྲུའུ་ནས་འཚོགས་འགོ་བརྩམས། ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིན་ཙེ་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད་དེ་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཀན་སུའུ་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཚབ་མ་རིན་ཀྲིན་ཧོ་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ《སྲིད་གཞུང་བྱ་བའི་སྙན་ཞུ》ཕུལ།

རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི་ལོ་ལྔའི་ནང་། ཀན་སུའུ་ཞིང་ཆེན་གྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་སྒོར་དུང་ཕྱུར6557ནས་སྒོར་དུང་ཕྱུར9017བར་འཕར་སྣོན་བྱུང་བ་དང་། ལོ་རེར་ཆ་སྙོམས་སུ5.5%འཕར། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་བསྡུར་ན40.2%འཕར་ཡོད། མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ2133དང་ལྕགས་ལམ་སྤྱི་ལེ1222གསར་སྣོན་བྱས་ཡོད། དབུལ་ཕོངས་རྫོང75ཡོད་པ་ཚང་མས་དབུལ་ཞྭ་ཕུད་དེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་ལས་འགན་སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་བྱས་ཏེ། དམངས་ཕྱུག་ཞིན་ལུང་གི་རྣམ་པ་གསར་བ་བསྐྲུན་པའི་མགོ་བརྩམས།

1127022244_16115537916661n.jpg

ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

རིན་ཀྲིན་ཧོ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་ཀན་སུའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱར་བྱས་ཏེ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་གཙོ་གནད་དུ་བཟུང་ནས། བཅོས་བསྒྱུར་གསར་སྐྲུན་སྒུལ་ཤུགས་སུ་བྱས་ཏེ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ནས། འདུ་ཤེས་མ་ལག་རྒྱུན་འཁྱོངས་དང་། དཔལ་འབྱོར་དང་སྐྱེ་ཁམས། མཁར་གྲོང་དང་ཞིང་སྡེ། འཕེལ་རྒྱས་དང་བདེ་འཇགས་བཅས་གཅིག་གྱུར་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་གཙོར་བྱས་ཤིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་། རི་ཀླུང་མཛེས་པ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་དམིགས་འབེན་ཕྱོགས་སུ་མདུན་བསྐྱོད་བྱེད་པ་དང་། ཀན་སུའུ་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མགོ་ཡག་པོ་རྩོམ་དགོས་ཟེར།

2021ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་མགོ་རྩོམ་པའི་ལོ་ཡིན་ཞིང་། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་བསྐྱོད་ལམ་བུ་མགོ་རྩོམ་པའི་ལོའང་ཡིན། ཀན་སུའུ་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང6.5%འཕར་རྒྱུ་དང་། སྡོད་དམངས་ཀྱིས་འཛད་སྤྱོད་རིན་གོང་གི་དམིགས་ཚད་འཕར་གྲངས3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། མཁར་གྲོང་གི་བརྟག་དཔྱད་བྱས་པའི་ལས་ཤོར་བྱུང་ཚད6%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། མཁར་གྲོང་གི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སོ་སོར6.5%དང8%འཕར་ཏེ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གྱུར་ནས། རྩིས་གཞི་རེའི་ཐོན་སྐྱེད་སྤྱིའི་རིན་ཐང་ནུས་ཁུངས་ཟད་གྲོན་དང་། འབག་བཙོག་འབྱུང་གཞིའི་དངོས་པོ་འབུད་ཚད་རྒྱལ་ཁབ་ཀྱིས་རྩིས་སྤྲོད་བྱས་པའི་དམིགས་འབེན་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་རེད།

1127022244_16115537916681n.jpg

ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

དུས་མཚུངས་སུ་ཀན་སུའུ་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་གྱི་མ་མཐའི་ཚད་གཞི་ཇེ་མཐོར་གཏོང་བ་དང་། རང་བྱུང་སྡེ་བའི་གཞུང་ལམ་སྤྱི་ལེ་ཁྲི1ཡན་གསར་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭ་ཆུང་འབྲིང་གི་ཟ་ཁང1000གསར་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ། གྲོང་རྡལ་གྱི་ལས་ཞུགས་མི་ཁྲི32གསར་སྣོན་བྱ་རྒྱུ། ལས་ཞུགས་བྱས་མེད་པའི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མ་ཁྲི1གཞི་རིམ་དུ་ལས་ཞུགས་བྱེད་པར་དངོས་འབེབས་བྱེད་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ14དང་ལན་ཀྲུའུ་ཁུལ་གསར་དུ་ནད་ལྗིད་མོའི་གསོ་རིག་འགོས་ནད་ས་ཁོངས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱ་རྒྱུ། ཞིང་ཆེན་ཡོངས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང6280འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ། ཞིང་ཆེན་ཡོངས་ནས་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས100གསར་སྐྲུན་དང་ཡང་ན་བསྒྱུར་བཀོད་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་ལོ33ནས་ལོ64བར་གྱི་གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་བུད་མེད་དང་ཞིང་སྡེའི་བུད་མེད་ཁྲི20ལ་རིན་མེད་ངང་འབྲས་སྐྲན་གཉིས་ཀྱི་བརྟག་དཔྱད་བྱ་རྒྱུ། ཐེམ་ཁུངས་ཀན་སུའུ་ནས་ཡིན་པ་མ་ཟད་མཐོ་སློབ་དཀྱུས་མའི་བསྡུ་ལེན་བྱེད་སྐབས་མཁར་གྲོང་གི་མ་མཐའི་འགན་སྲུང་ཁྱིམ་ཚང་གི་བུ་ཕྲུག་ཡིན་པའི་སློབ་མར་སློབ་ཞུགས་རོགས་དངུལ་འདོན་སྤྲོད་བྱ་རྒྱུ། ཞིང་སྡེའི་ཆུ་ཁུངས་འགན་སྲུང་ལས་གཞི100ལག་བསྟར་བྱེད་པ་བཅས་ཀྱི་དོན་དངོས་བཅུ་ལེགས་པོར་བསྒྲུབ་རྒྱུ་རེད།

ཚོགས་ཆེན་སྟེང་མི500འབྱོར་དགོས་ཤིང་དོན་དངོས་སུ་མི465འབྱོར་ཡོད། ཚོགས་ཞུགས་འཐུས་མིའི་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

1127022244_16115537916701n (1).jpg

ཀན་སུའུ་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།