​2021ལོའི་ཀན་ལྷོའི་ཚོགས་ཆེན་གཉིས་ཀྱི་དུས་ཚོད་གཏན་ཁེལ་བྱས་ཡོད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ཀྱི་སྤྱི་བསྒྲགས།    

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་དབང་ཆ་སྤྲད་པ་བརྒྱུད། 2021ལོའི་ཟླ1པོའི་ཚེས20ཉིན་ཀན་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས48པའི་ཐོག་གཏན་འབེབས་བྱས་པ་སྟེ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཚོགས་འདུ་ཐེངས་དྲུག་པ2021ལོའི་ཟླ2པའི་ཚེས1ཉིན་གཙོས་གྲོང་ཁྱེར་ནས་འཚོག་རྒྱུ་ཡིན་པ་དང་གྲོས་ཚོགས་དངོས་ཀྱི་འཚོག་ཡུན་ཉིན4ཡིན་པ་དང་ཚོགས་ཡུན་ཚང་མ་ཉིན7ཡིན་པ་རེད། འཐུས་མིས2021ལོའི་ཟླ1པོའི་ཚེས30ཉིན་ཐོ་འགོད་བྱེད་པ་དང་། ཟླ1པོའི་ཚེས31ཉིན་གྱི་ཕྱི་དྲོར་གྲ་སྒྲིག་ཚོགས་འདུ་འཚོགས་རྒྱུ་རེད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

2021ལོའི་ཟླ1པོའི་ཚེས20ཉིན་ལ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་འཚོག་པའི་དུས་ཚོད་ཀྱི་སྤྱི་བསྒྲགས།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་གཏན་འབེབས་བྱས་པ་ལྟར་ན།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དེ2021ལོའི་ཟླ1པོའི་ཚེས31ཉིན་གཙོས་གྲོང་ཁྱེར་ནས་འཚོག་རྒྱུ་ཡིན་པ་དང་། གྲོས་ཚོགས་དངོས་ཀྱི་འཚོག་ཡུན་ཉིན4ཡིན་པ་དང་ཚོགས་ཡུན་ཚང་མ་ཉིན5རེད། ཨུ་ཡོན་རྣམས་ཀྱིས2021ལོའི་ཟླ1པོའི་ཚེས30ཉིན་གྱི་ཉིན་མིང་ཐོ་འགོད་དགོས།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས།

2021ལོའི་ཟླ1པོའི་ཚེས21ཉིན་ལ།  

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།