ཀྲུང་གོ་བོད་ཀྱི་དྲ་བ།

​“མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་གཞུང་གི་ཀན་ལྷོར་ཁ་བ་འདབ་མ་ལྷབ་ལྷུབ་གཡོ། ལོ་གསར་གྱི་གོམས་སྒྲ་ཇེ་ཉེར་ཕྱིན་པ་དང་བསྟུན་ནས་ཀན་ལྷོ་ཁུལ་གྱིས“ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པ་དང་ས་ཁོངས་ཧྲིལ་བོར་རྫས་ལུད་མེད་པ། ས་ཁོངས་ཧྲིལ་པོར་འགྱིག་ཤོག་མེད་པ། ས་ཁོངས་ཧྲིལ་པོར་སྦགས་བཙོག་མེད་པ། ས་ཁོངས་ཧྲིལ་པོར་སྤྱི་གནོད་མེད་པ”བཅས་ཀྱི“མེད་པ་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྤེལ་འགོ་ཚུགས།

ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པར་བཟོས་ནས་གཙང་དག་གྲལ་འགྲིག་གིས་ཀན་ལྷོ་མཛེས་བར་བྱེད་པ་དང་། ས་ཁོངས་ཧྲིལ་བོར་རྫས་ལུད་མེད་པར་སྐུལ་འདེད་བཏང་ནས་གཤིན་སར་རྩི་ཤིང་རྒྱས་ནས་ཀན་ལྷོ་ལྗང་མདོག་གིས་སྤུད་པ། ས་ཁོངས་ཧྲིལ་པོར་སྤོས་འགྱིག་མེད་པར་སྐུལ་འདེད་བཏང་ནས་དཀར་པོ་སྦགས་བཙོག་མེད་པས་ཀན་ལྷོའི་སྲོག་རྩ་བརྟན་པ། ས་ཁོངས་ཧྲིལ་པོར་སྦགས་བཙོག་མེད་པར་སྐུལ་འདེད་བཏང་ནས་རི་སྔོ་ཆུ་དྭངས་ཀྱིས་ཀན་ལྷོའི་མདུན་ལྗོངས་ཡངས་བར་བྱེད་པ།  ས་ཁོངས་ཧྲིལ་བོར་སྤྱི་གནོད་མེད་པར་སྐུལ་འདེད་བཏང་ནས་ལྗང་མདོག་བདེ་ཐང་གིས་ཀན་ལྷོའི་སྣེ་ཁྲིད་པ་བཅས་བྱེད་དགོས། འགག་སྒྲོལ་བྱ་བ་ཆེན་པོ་ལྔའི་ཞིབ་ཕྲའི་བྱ་ཐབས་རེ་རེ་བཞིན་ཀན་ལྷོའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།