ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་འཁྱགས་ཟས་མ་དཔེ2ཀྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན། ཀན་སུའི་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི《ཨ་ཀེན་ཐིན་གྱི་ནོར་ཤ་དང་འབྲེལ་ཡོད་དངོས་ཟོག་གི་རིམས་ནད་གནས་ཚུལ་བརྡ་ཁྱབ་བཏང་བའི་སྐོར་གྱི་ཡི་གེ》བརྒྱུད་སྤྲོད་བྱས་ཤིང་། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་འཕྲལ་དུ་དངོས་ཟོག་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས། ཟླ1པོའི་ཚེས18ཉིན་གྱི་ཁག་གསུམ་པའི་ཞིབ་དཔྱད་ཚད་ལེན་ཁྲོད་ནང་འདྲེན་བྱས་པའི་ནོར་ཤའི་ཐུམ་སྒྲིལ་མ་དཔེ2ཀྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པ་དང་། གཞན་དག་གི་དངོས་དཔེར་སྲིབ་གཤིས་མངོན།     

མིག་སྔར་ཀན་ལྷོ་ཁུལ་དང་རྨ་ཆུ་རྫོང་གི་མཉམ་འགོག་མཉམ་བཅོས་ཚོད་འཛིན་གཞུང་དོན་ཁང་གིས་མཛོད་ཁང2ལ་དོ་དམ་ཚོད་འཛིན་བྱས་པ་དང་། འབྲེལ་ཡོད་ཕྱིར་ཚོང་ཁང5པ་དང་ཕྱིར་ཚོང་ཁང8པར་བརྟག་དཔྱད་བྱས། རྨ་ཆུ་རྫོང་གི་རྨ་ཆུ་ལམ་གྱི་ཚལ་ཁྲོམ་དང་གྲོང་བྱང་གི་ཚལ་ཁྲོམ་སྒོ་རྒྱབ་པ་དང་། རིམས་འབྲེལ་ནང་འདྲེན་ནོར་ཤ་ཚང་མ་བཀག་སྡོམ་ཉར་ཚགས་བྱས་ནས་རིམས་འབྲེལ་མཛོད་ཁང་ཁྱོན་ཡོངས་ལ་དུག་སེལ་བྱས། འབྲེལ་འདྲིས་ཡོད་པའི་མི་སྣ་ཚང་མ་གཅིག་སྡུད་ངང་ལོགས་སུ་བཀར་བ་དང་། འབྲེལ་འདྲིས་ཡོད་པའི་མི་སྣ་གཞན་དག་ལ་གྲལ་བཤེར་བྱས་ལ། ཕྱིར་ཚོང་བྱས་པའི་རིམས་འབྲེལ་ཚགས་ཤའི་རྗེས་འདེད་བཏང་སྟེ། ཞིབ་བཤེར་བརྡ་ཐོ་བཏང་སྟེ་ཚོང་གཉེར་བར་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་པ་དང་འབྲེལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད་མཐར་ཚང་མ་སྲིབ་གཤིས་ཡིན།

ཀན་ལྷོ་ཁུལ་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲོད་ཚན་ཆུང་གཞུང་ལས་ཁང་།

2021ལོའི་ཟླ1པོའི་ཚེས18ཉིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།