ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་སློབ་གསོའི་བྱ་གཞག་དར་རྒྱས་གཏོང་བའི་ལེའུ་གསར་བ་ཞིག་བརྩམས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀླུ་ཆུ་རྫོང་གིས་སློབ་གསོ་སྔོན་དུ་སྤེལ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་སྲིད་ཇུས་དོན་འཁྱོལ་དང་སློབ་གཉེར་ཆ་རྐྱེན་ལེགས་བཅོས། སློབ་གསོའི་སྤུས་ཚད་མཐོར་འདེགས། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱེད་པ་དང་བཅོས་སྒྱུར་ལ་ཤུགས་སྣོན་རྒྱབ་ཡོད། ཞན་ཆ་ཁ་གསབ་བྱས་ཏེ་སློབ་གསོ་དེང་རབས་ཅན་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གསོའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་ཞིག་མངོན་ཡོད།

ནོར་སྲིད་ཀྱིས་གྲོན་དངུལ་བཏང་ནས་སློབ་གསོ་སྔོན་ལ་འགན་ལེན་བྱས་ཏེ། སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་འཚོ་བཅུད་ཞོགས་ཟས་དང་འཚོ་བཅུད་གུང་ཟས། དྲོད་འདོན་འགྲོ་གྲོན་བཅས་བསྡོམས་པས་སྒོར་ཁྲི 421.4དོན་འཁྱོལ་བྱས་ཡོད་པ་དང་། གཞི་ཁྱོན་ཆུང་བའི་བྱིས་གཉོར་ཁང་གི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་སྒོར་ཁྲི 47དོན་འཁྱོལ་བྱས་ཡོད་ལ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྤྱི་སྤྱོད་གྲོན་དངུལ་སྒོར་ཁྲི 392.2བཅས་དོན་འཁྱོལ་བྱས་ཡོད། འོས་འགན་སློབ་གསོའི་དུས་མཚམས་སུ་མི་བརྒྱའི་སློབ་གྲྭའི་སྤྱི་སྤྱོད་འགྲོ་གྲོན་སྒོར་ཁྲི 16.1ཟིན་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞག་སྡོད་སློབ་མའི་འཚོ་བའི་འགྲོ་གྲོན་དང་སློབ་མའི་འཚོ་བཅུད་ཞོགས་ཟས། དྲོད་འདོན་འགྲོ་གྲོན་བཅས་བསྡོམས་པས་སྒོར་ཁྲི 1630.9ཟིན་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་མིན་པའི་སློབ་མར་ཁ་གསབ་རོགས་དངུལ་སྒོར་ཁྲི 3དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་སྒོར་ཁྲི 89ཕུད་ཡོད། དམིགས་བསལ་སློབ་གསོའི་སྤྱི་སྤྱོད་གྲོན་དངུལ་སྒོར་ཁྲི 41.4ཟིན་ཡོད། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་རིམ་གྱི་སྤྱི་སྤྱོད་གྲོན་དངུལ་དང་འཚོ་བའི་གྲོན་དངུལ། དྲོད་འདོན་གྲོན་དངུལ་བཅས་སྒོར་ཁྲི 350.7དོན་འཁྱོལ་བྱས་ཤིང་། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་ཇ་མའི་གླ་ཕོགས་སྒོར་ཁྲི 65དོན་འཁྱོལ་བྱས།

2020ལོར་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་འགན་ལེན་མ་དངུལ་ཁྱོན་སྒོར་ཁྲི 108.2དོན་འཁྱོལ་བྱས་པ་དང་བྱིས་པ 3267ལ་ཕན་པ་ཐོབ་པའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་བྱིས་པ 660ཡོད། སློབ་ཡོན་ཙག་ཙིག་མི་དགོས་པར་མ་དངུལ་སྒོར་ཁྲི 23.6སྤྲད་པར་སློབ་མ 590ལ་ཕན་པ་ཐོབ་པའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་སློབ་མ 490ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་སྒོར་ཁྲི 70.4སྤྲད་པར་སློབ་མ 704ལ་ཕན་པ་ཐོབ་པའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་སློབ་མ 490ཡོད། 2020ལོའི་སྐྱེ་ཁོངས་ས་ཆའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་བྱ་བ་ལེགས་སྒྲུབ་བྱས་ཤིང་། དངུལ་བུན་བཏང་བའི་སློབ་མ 707ཡོད་པ་དང་དངུལ་བུན་གཏོང་ཚད་སྒོར་ཁྲི 394.8ཟིན་ཡོད་ལ། དེའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་སློབ་མར་རོགས་དངུལ་སྲིད་ཇུས་སྤེལ་ཚད 100%ཟིན། 

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། དྲ་ཐོག་སློབ་གསོའི་སློབ་ཁྲིད་ཕྱོགས་ཡོངས་ནས་སྤེལ་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་སྐབས་སློབ་ཁྲིད་མཚམས་མི་ཆད་པ་བྱས་ཡོད་ལ། ནུས་ཤུགས་ཡོད་རྒུས་ཟླ་རེའི་སློབ་དཔྱོད་ཀྱི་འགུལ་རྣམ་ཆ་འཕྲིན་རྗེས་འདེད་དང་བརྡ་ཁྱབ་ལྡོག་འདྲེན་བྱ་བའི་རྣམ་པ་གསར་བ་ཁྱབ་གདལ་བཏང་ནས། ན་ནིང་མཐོ་རིམ་སློབ་གྲྭ་དཀྱུས་མར་རྒྱུགས་སྤྲོད་མཁན་གྱི་སློབ་མ 382ཡི་ནང་གི་སློབ་མ 323 (སློབ་མ 177ཀྱིས་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་པ་དང་། སློབ་མ 146གིས་ཆེད་སྦྱོང་ཚན་ཁག་ལ་རྒྱུགས་འཕྲོད་ཡོད།) རྒྱུགས་འཕྲོད་ཡོད་ཅིང་། དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད 46%ཟིན་པ་དེ་ན་ནིང་ལས་བརྒྱ་ཆའི་གྲངས་གནས 7གྱིས་མཐོ་རུ་ཕྱིན་ཡོད།

སློབ་གཙོ་དང་དགེ་རྒན་ལས་གནས་བརྗེ་རེས་ཀྱི་ལམ་སྲོལ་བཙུགས་ཏེ། དགེ་རྒན་གསོ་སྦྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས། ཉེ་བའི་ལོ་གསུམ་གྱི་རིང་། མ་དངུལ་སྒོར་ཁྲི 435བཏང་སྟེ། སློབ་གྲྭའི་འགོ་འཛིན་དང་རྐང་འཛིན་དགེ་རྒན་གསོ་སྐྱོང་བྱ་བ་ལག་བསྟར་དང་། དུས་བཅད་ལྟར་སློབ་གྲྭའི་སྡེ་ཁག་གི་ཁོངས་མི་དང་དགེ་རྒན་སྒྲིག་འཛུགས་བྱས་ཏེ་ལས་གནས་ཐོག་ཕུལ་བྱུང་དགེ་རྒན་གསོ་སྐྱོང་བྱས་ནས། རྫོང་ནང་ཁུལ་དུ་དགེ་རྒན 12སྐོང་འཐེན་བྱས་པ་དང་། སྡེ་བའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན 75བསྡུས་ནས་ཆེད་ལས་དགེ་རྒན་དཀོན་པ་དང་ཆེད་ལས་གྲུབ་ཆ་ལུགས་དང་མི་མཐུན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས། རྫོང་ཡོངས་ཀྱི་སློབ་གྲྭ་ཁག་ལ་ཁ་ཕྱོགས་ཏེ་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གི་ཆེད་གཉེར་དང་འགན་གཅིག་ལྕོགས་ཀྱི་སློབ་ཞིབ་པ 59གདམ་གསེས་བྱས་ཡོད་ལ། དེས་སློབ་སྔོན་སློབ་གསོ་དང་སློབ་གསོ་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བར་ཤུགས་བསྣན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།