ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས4ལ་ས་གནས་ཀྱི་ཚད་གཞིའི་ལག་རྩལ་ཞིབ་བཤེར་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ཀན་ལྷོའི་འོ་ཕྱེ་དང་རྒན་གྱའི་ལུག་ཤ  ཐེ་བོའི་རྩྭ་ཕག་དང་ཕོ་སུལ་ཤ་མོང་སོགས་ཐོན་རྫས 4ཡི་ས་གནས་ཚད་གཞིར་ཀན་སུའུ་ཞིང་ཆེན་གྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཐོབ།

ཉེ་བའི་ལོ་ཤས་ནང་དུ། ཀན་ལྷོ་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་དམིགས་ནས། ཀན་ལྷོའི་ཚོང་རྟགས་གྲགས་ཅན་གསར་སྐྲུན་བྱེད་པའི་བྱ་བར་ཤུགས་བསྣན། ཐུན་མོང་མ་ཡིན་པའི་རང་བྱུང་རྒྱུ་རྐྱེན་དང་སྤྱི་ཚོགས་དང་རིག་གནས་རྒྱུ་རྐྱེན་འཛོམས་པའི་ཀན་ལྷོའི་འོ་ཕྱེ་དང་རྒན་གྱའི་ལུག་ཤ  ཐེ་བོའི་རྩྭ་ཕག་དང་ཕོ་སུལ་ཤ་མོང་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ལ་རིམ་གྱིས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ཀྱི་མཚན་སྙན་ཐོབ་པས། ཀན་ལྷོའི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་སྔར་ལས་ཆེ་རུ་བཏང་།

རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ཀྱི་མཚན་སྙན་ཐོབ་པར། ཐོན་རྫས་ཀྱི་སྣ་ཁ་དང་ཁྱབ་ཁོངས། སྐད་གྲགས། ཐོན་རྫས་ཀྱི་ཐོན་སྐྱེད་དང་བྲིན་འཚོང་སོགས་ཕྱོགས་མང་བོའི་རྒྱུ་རྐྱེན་ལ་བརྟེན་ནས། དེ་དང་བསྟུན་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ས་གནས་ཀྱི་ཚད་གཞིའམ་དོ་དམ་ཚད་གཞི་གཏན་འབེབས་བྱ་དགོས་པས། ཀན་ལྷོའི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས 4བོར་དེ་བསྟུན་གྱི་ལག་རྩལ་ཚད་གཞིའི་འདེགས་སྐྱོར་མེད་པས། “ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས”བཀོལ་མི་ཐུབ།

ཐེངས་འདིར་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ལ་ས་གནས་ཚད་གཞིའི་ཞིབ་བཤེར་ཐོབ་པ་ནི། ཀན་ལྷོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ལ“ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས”བཀོལ་ཆོག་པ་མཚོན། ཀན་ལྷོའི་འོ་ཕྱེ་དང་རྒན་གྱའི་ལུག་ཤ  ཐེ་བོའི་རྩྭ་ཕག་དང་ཕོ་སུལ་ཤ་མོང་སོགས་ཀན་ལྷོའི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ནི་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་སོང་ཡོད་པས། མི་རིགས་ཀྱི་ཚོང་རྟགས་གྲགས་ཅན་སྲུང་སྐྱོང་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རམ་འདེགས་དང་ཕྱིར་འཚོང་ལ་ཞབས་འདེགས་བྱེད་པ་སོགས་ཀྱི་ཕྱོགས་སུ་ནུས་པ་གལ་ཆེན་འདོན་ངེས་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།