ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”སྐབས་ཀྱི་ཆུ་དོན་བྱ་བའི་ཟུར་བྲིས།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་ནི་གངས་ལྗོངས་གཙོས་གྲོང་ཁྱེར་འཕེལ་རྒྱས་འགྲོ་བའི་ཁྲག་རྒྱུན་ལྟ་བུ་ཡིན་པས། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”ནས་བཟུང་། གཙོས་གྲོང་ཁྱེར་གྱིས་རོང་འབྲོག་སྡེའི་བདེ་འཇགས་འཐུང་ཆུའི་ལས་གཞི 210དང་། ཞིང་སྐྱོར་དང་འབྲུབ་འགོག་བཅོས་སྐྱོང་ཆུ་རགས 5  ཞིང་ཆུ་འདྲེན་པའི་ལས་གཞི 1བཅས་བསྐྲུན་པ་དང་། “ཀླུ་ཆུ་གཙོས་སུ་འདྲེན་པའི”ཆུ་འདོན་ལས་གཞི་ཞིབ་བཤེར་རྩིས་ལེན་བྱེད་རན་ལ་ཐུག་ཡོད། ཆུ་ལོག་གི་གནོད་འཚེ་འགོག་བཅོས་བྱེད་པའི་ལས་གཞི་མ་ཡིན་པའི་ཁ་གསབ་བྱ་ཐབས་འཐུས་ཚང་དུ་བཏང་ནས། རྩྭ་ཆུ་མཐོང་ཐུབ་པ་དང་ཕ་ཡུལ་གྱི་རྣམ་པ་སོར་བཞག་བྱས་ཤིང་། ཉེ་འགྲམ་གྱི་ཆུ་མིག་རེ་རེ་བཅོས་སྐྱོང་ཡག་པོ་བྱེད་པའི་དམིགས་འབེན་འགྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་ཆུ་སྔོན་མོ་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་ལྟ་བ་གསོན་ཉམས་སྒོས་ལག་བསྟར་བྱས།

སྔོན་ཆད་ཆུ་ལམ་གྱི་གཡས་གཡོན་དུ་འབར་འབུར་ཆེ་ལ། འཚོ་བའི་གད་སྙིགས་ཀྱིས་ཁེངས་ཡོད་པ་དང་། བཙོག་ཆུ་གང་སར་བཞུར་བས། ལམ་འགྲོ་བས་སྣ་ཁུང་བཀབ་ནས་འགྲོ་དགོས་བྱུང་། ད་སྐབས་ཆུ་ལམ་གྱི་གཡས་གཡོན་གཉིས་སུ་སྔོ་ལྗང་གིས་ཁེབས་ཤིང་། ཆུ་བོ་དྭངས་ཤིང་གསལ་ལ། ཁོར་ཡུག་མཛེས་པས་སྤྲོ་གསེང་དང་འཆམ་འཆམ་བྱེད་མཁན་མང་བོ་བསུས་པས། ང་ཚོར་བདེ་སྐྱིད་ལྡན་པའི་ཚོར་སྣང་སྐྱེ་ཞེས་གྲོང་མི་ཝང་ཏའོ་ཁུའེ་ཡིས་བཤད།

གཙོས་གྲོང་ཁྱེར་གྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག  སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་ལྟ་བ་ཆེན་པོ་ལྔ་གཙོ་བོར་བཟུང་ནས། ཆུ་བེད་འཕེལ་རྒྱས་ཀྱི་བཀོད་པ་དང་འཕེལ་རྒྱས་གཏོང་སྟངས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཆུ་དོན་ནུས་པ་མཐོར་འདེགས་དང་། ལས་གཞི་འཛུགས་སྐྲུན་གྱི་ཇུས་འགོད་ཕྱོགས་གཉིས་ལ་དམིགས་ནས། ཆུ་དཀོན་པ་དང་། ཆུའི་གནོད་འཚེ། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་སོགས་ཀྱི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་བྱས་པ་དང་། ཏང་གི་ཆུ་བཅོས་ཇུས་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། “ཀླུ་ཆུ་གཙོས་སུ་འདྲེན་པའི”ལས་གཞི་སྤེལ་བར་ཧུར་ཐག་སྒོས་སྤེལ།

“ཀླུ་ཆུ་གཙོས་སུ་འདྲེན་པའི”ཆུ་འདོན་ལས་གཞི་ལེགས་གྲུབ་བྱུང་རྗེས། གཙོས་གྲོང་ཁྱེར་གྱི་གྲོང་མི་དང་སྣ་བུག་གྲོང་རྡལ་གྱི་སྡེ་མི་ཁྲི 14.4དང་དེའི་ཕྱུགས་ཟོག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཐུབ་ལ། དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་ས་ཁོངས་དཔལ་འབྱོར་སོགས་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་ཐུབ། མིག་སྔར། ལས་གཞི་དེ་མཇུག་སྒྲིལ་བའི་དུས་རིམ་ལ་ཐུག་ནས་ཕལ་ཆེར་ཆུ་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད་ཅེས་ཀན་ལྷོ་ཁུལ་ཀླུ་ཆུ་གཙོས་སུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་ཅུས་ཀྱི་འགན་ཁུར་བས་བཤད།

“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”སྐབས་སུ། གཙོས་གྲོང་ཁྱེར་གྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་ཁག 219བསྐྲུན་ནས་ཁྱིམ་ཚང 5692(དེའི་ཁྲོད་དུ་དབུལ་བོའི་ཁྱིམ་ཚང 1808ཡོད་པ)དང་། རང་བྱུང་སྡེ་བ 258ཀྱི་འཐུང་ཆུའི་གནད་དོན་ཐག་བཅད་པར་བསྡོམས་པའི་མ་དངུལ་སྒོར་ཁྲི 4023ལེགས་གྲུབ་བྱུང་། ཞིང་སྡེའི་འཐུང་ཆུའི་གནད་དོན་མངོན་གསལ་གྱིས་འགན་ལེན་བྱས། འཐུང་ཆུ་བདེ་འཇགས་དང་། ཆུ་བོ་འབྲིང་ཆུང་གི་བཅོས་སྐྱོང་། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཞིང་ཆུ་འདྲེན་པ་དང་ས་ཆུ་སྲུང་འཛིན་སོགས་ཀྱི་ཐད་དུ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར 1.28བཏང་ནས་མི་ཁྲི 2.9ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཤིང་། ཆུ་རགས་སྤྱི་ལེ 30.9གསར་རྒྱག་བྱས་པ་དང་། ཞིང་ཆུ་འདྲེན་ཡུལ་བསྡོམས་པས་མུའུ 5500གསར་སྣོན་བྱས། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ 15.19བཅོས་སྐྱོང་བྱས་ནས། རང་བྱུང་སྐྱེ་ཁམས་མ་ལག་དང་སྤྱི་ཚོགས་དཔལ་འབྱོར་མ་ལག་གི་འཁོར་རྒྱུག་བཟང་བོ་ཡོང་བ་མངོན་འགྱུར་བྱུང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།