ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་དབུལ་བོ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞུང་ཕྱོགས་ཀྱིས་ཚེས14ཉིན་སྤེལ་པའི་གནས་ཚུལ་ལྟར་ན། 2015ལོ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཁོར་ཡུག་གསར་བརྗེ”དང“སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོའི”བྱེད་ཐབས་གཉིས་ལ་བརྟེན་ནས་འབྲེལ་ཡོད་རྣམ་གྲངས་བརྒྱུད་དེ“རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”བསྒྱུར་བ་དང་། དེ་མིན་སྤྲོ་སྐྱིད་གླིང1449ལྷག་ཡོངས་ཁྱབ་ཏུ་འཕེལ་རྒྱས་སུ་བཏང་སྟེ།  རོང་འབྲོག་པ་ཁྲི3.8ལྷག་རང་ས་དང་ཐག་ཉེ་སར་ཡུལ་སྐོར་འབབ་འཕར་ཡོང་རྒྱུར་སྟེགས་བུ་བསྐྲུན་ཡོད།

ཉེ་བའི་ལོ་ཤས་རིང་། རིམ་པ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་སྟོབས་ཤུགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག ཀན་ལྷོ་ཁུལ་གྱིས་ལོ་གཅིག་གི་སྔོན་དུ་ཁྱོན་ཡོངས་ནས་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་མི་འབོར་དང་དབུལ་ཕོངས་གྲོང་ཚོ་གཙང་སེལ་བྱས་པ་རེད། དེའི་རྨང་གཞིའི་ཐོག་ས་གནས་དེ་གའི་དབུལ་པོའི་གྲོང་གསེབ་ཀྱི་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་ལ། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་ཡུལ་སྐོར་གྱི་སྤུས་རྟགས་ལ་མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར། ཀན་ལྷོའི་སྐྱེ་ཁམས་ནགས་སྲུང་བ་ཁྲི1ལས་བརྒལ་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཁྲི1ལྷག་ཙམ་ལ་ཕན་ཁེ་བསྐྲུན་ཡོད། མི་རེར་ལོ་རེར་སྒོར8000ཀྱི་ཁ་གསབ་ཚད་གཞི་ཡོད་ལ། བསྡོམས་རྩིས་བྱས་ན་དོན་འཁྱོལ་བྱུང་བའི་གླ་ཆ་སྒོར་དུང་ཕྱུར3ལྷག་ཙམ་ཟིན་ཡོད་པ་རེད།

ཀན་ལྷོ་ཁུལ་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀན་ལྷོའི་རྨ་ཆུའི་ཆུ་འགོ་གལ་ཆེན་གྱི་ཆུ་ཁུངས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་མུའུ་ཁྲི1018དང་། བྱེ་འགྱུར་ཞན་འགྱུར་གྱི་རྩྭ་ར་མུའུ་ཁྲི130། སྤྱི་ལེ་གྲུ་བཞི་མ125ཡི་ཆུ་རྒྱུད་ཆུང་གྲས་བཅས་ལ་བཅོས་སྐྱོང་ནུས་ལྡན་བྱས་པས་མང་ཚོགས་དབུལ་པོའི་འཚོ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད་ལ། འདིས་སྔར་ལས་ལྷག་པའི་སྒོ་ནས་ས་གནས་དེ་གའི་སྐྱེ་ཁམས་ཀྱི་འབྱུང་ཁུངས་དང་ལྗང་མདོག་སྲུང་ཡོལ་ཆེན་པོའི་རིན་ཐང་འཕེལ་བར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།