ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁྲིམས་ལུགས་དྲ་བ་ཤར་གཏོང་བྱས་ཏེ་བེད་སྤྱོད་བྱེད་འགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “12348ཀན་སུའུ་ཡི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དྲ”ཚེས4ཉིན་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་པ་རེད། དེས་ཀན་སུའུ་དང་བོད་འབྲེལ་ཁུལ་རྫོང་གི་མང་ཚོགས་ལ་སྟབས་བདེ་བསྐྲུན་ཞིང་། བྱེད་ནུས་ཆེ་བ། ཆེད་ལས་དང་སྤུས་ལེགས་ཅན་གྱི་བོད་རྒྱ་སྐད་གཉིས་ཀྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་ཏེ། ཀན་སུའུ་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་གིས་ཁྲིམས་ལྟར་བཅོས་སྐྱོང་གི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་དོན་སྙིང་གལ་ཆེན་ལྡན།

12348ཀན་སུའུ་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དྲ་བའི་སྟེགས་བུ་ཡི་བྱེད་ནུས་གཙོ་བོ་ལ་དྲ་ཚིགས་ཀྱི་མཐའ་སྣེ་དང་། སྒུལ་བདེའིAPPམཐའ་སྣེ། སྐད་འཕྲིན་གྱི་སྤྱི་རྟགས་བཅས་འདུས་ཡོད་པ་དང་། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་གི་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲ་ཐོག་འདྲི་རྩད། དྲ་ཐོག་གི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སོགས་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་ཐུབ།

ཀན་ལྷོ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 12348ཀན་སུའུ་ཡི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དྲ་ནི་ཀན་སུའུ་ཞིང་ཆེན་དང་འབྲེལ་བ་ཡོད་པའི་བོད་འབྲེལ་ཁུལ་རྫོང་གིས་སྤྱི་བའི་ཞབས་ཞུ་དོ་སྙོམས་ཅན་དང་ཀུན་ཕན་ཅན་གྱི་སྲིད་ཇུས་ཀྱི་བླང་བྱ་ལག་བསྟར་དངོས་འབེབས་བྱེད་པའི་རྒྱལ་ཁབ་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཟེར།

དབྱང་ཅུན་གྱིས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྤྱད་ནས་ཚད་གཞི་མཐོན་པོའི་སྒོ་ནས12348ཀན་སུའུ་ཡི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁྲིམས་དྲའི་སྤྱི་ཚོགས་རྒྱུས་ལོན་བྱེད་ཚད་དང་སྤྱོད་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ལ། རྫོང་དང་། ཞང་། གྲོང་ཚོ་བཅས་ཀྱི་གཞི་རིམ་གྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་ལས་སྟེགས་དང་12348ཀན་སུའུ་ཞིང་ཆེན་གྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་ཀན་ལྷོའི་ཡན་ལག་ལྟེ་གནས་ཀྱི་ཐད་སྦྲེལ་ཁ་པར་ལས་སྟེགས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། “དྲ་ཐོག”དང་“ཡུལ་དངོས”མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཇུག་མཐའི་སྤྱི་ལེ་གཅིག་”ཤར་གཏོང་བྱ་རྒྱུ་ཡིན་པར་བསྟན།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།