གཙོས་གྲོང་ཁྱེར་གྱིས་ནང་འདྲེན་འཁྱག་ཟས་རིགས་ཀྱི་ཏོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་བྱེད་པའི་བྱ་བ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལན་ཀྲོའུ་གྲོང་ཁྱེར་ཁྲིན་ཀོན་ས་ཁུལ་གྱིས་ཅའོ་ཅ་ཝན་གྱི་འཁྱག་བསིལ་བཟོ་གྲྭར་དཔེ་ལེན་ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད། ཐེན་ཅིན་གྲུ་ཁ་ནས་ཐོན་པའི་འཁྱག་བསིལ་གློ་ཉའི་ནང་ཐུམ་དཔེ་དངོས་ཀྱི་ཉིང་སྐྱུར་བཤེལ་འཇལ་མཇུག་འབྲས་མི་ལེགས་པ་ཤེས་རྗེས། ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་ལྟར་གཙོས་གྲོང་ཁྱེར་གྱིས་མགྱོགས་མྱུར་སྒོས་གྲོང་ཁྱེར་གྱི་ཚོང་ར་ལྟ་སྐུལ་ཅུས་དང་རིམས་ནད་སྔོན་འགོག་ལྟེ་གནས་སོགས་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ཏེ། ཉིན་གཉིས་ཀྱི་ནང་གྲོང་ཁྱེར་ཡོངས་ཀྱི་ནང་འདྲེན་འཁྱག་ཟས་རིགས་ལ་དཔེ་ལེན་ཞིབ་བཤེར་བྱེད་པའི་འགོ་བརྩམས།

ཐེངས་འདིའི་དཔེ་ལེན་ཞིབ་བཤེར་གྱི་རྒྱ་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཚོང་འདྲེན་ཁང་སོ་སོ་དང་འཁྱག་མཛོད་ཁང་། ཚོང་ཁང་། ཆང་ཁང་། ཟ་ཁང་། དངོས་ཟོག་སྐྱེལ་འདྲེན་ཀུང་སི། རྒྱ་ཁོག་ཟ་ཁང་དང་ཤ་རིགས་ཚོང་ཁང30ལྷག་ལ་སོང་ནས་བསྡོམས་པས་ཟས་རིགས་དང་ཕྱིའི་ཁོར་ཡུག་ཐད་ཀྱི་བྱ་བྱེད་མི་སྣ་སོགས་ཀྱི་མ་དཔེ252བསྡུ་ལེན་བྱས་པ་དང་། (ནང་འདྲེན་འཁྱག་ཟས་དང་རྒྱལ་ནང་ཚོང་འདྲེན་ཟས་རིགས།) དེའི་ཁྲོད་ཟས་རིགས་དང་ཕྱིའི་ཁོར་ཡུག་གི་མ་དཔེ166བསྡུ་ལེན་བྱས་ཤིང་། འབྲེལ་ཡོད་ལས་ཞུགས་མི་སྣའི་མ་དཔེ86བཙལ་ཏེ་ཁུལ་རིམས་ནད་སྔོན་འགོག་ལྟེ་གནས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། མ་དཔེ་ཚང་མའི་ཞིབ་བཤེར་མཇུག་འབྲས་བདེ་ཐང་ཡིན།

གཙོས་གྲོང་ཁྱེར་གྱིས་འཁྱག་ཟས་རིགས་དང་བདག་གཉེར་བྱ་མཁན་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། འཁྱག་ཟས་ལས་རིགས་ཀྱི་བདག་གཉེར་བྱ་མཁན་གྱིས་ནུས་མཐོ་ཚད་ལྡན་གྱི་སྒོ་ནས“ཀན་སུའུ་ཞིང་ཆེན་ཟས་རིགས་བདེ་འཇགས་ཆ་འཕྲིན་ཁུངས་འདེད་ལས་སྟེགས”བཀོལ་སྤྱོད་ཚད་ལྡན་བྱེད་པར་མཛུབ་སྟོན་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་འོས་འགན་གཙོ་བོ་དོན་འཁྱོལ་ནན་མོ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ནང་འདྲེན་འཁྱག་ཟས་ཀྱི་རིགས་དང་འཁྱག་ཟས་རིགས་གཞན་པའི་འགོ་ཁུངས་འདེད་ཐུབ་པ་དང་འགྲོ་ཕྱོགས་འཚོལ་ཐུབ་པ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།