ཀན་སུའུ་ཞིང་ཆེན་གྱི་སྨན་རིགས་སྣ་ཁ55ཡི་རིན་གོང་ཆེས་ཆེར་མར་ཆག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན་ནས་བཟུང་། རབས་གསུམ་པའི་རྒྱལ་ཁབ་ཀྱིས་གཅིག་བསྡུས་ངང་ཉོ་སྒྲུབ་བྱས་པའི་སྨན་རིགས55ཀན་སུའུ་ཞིང་ཆེན་དུ་དོན་འཁྱོལ་བྱས། བར་འདེམས་སྨན་རིགས་ཀྱིས་ཕྱིར་འཚོང་རིན་གོང་གསར་བ་ལག་བསྟར་བྱས་པ་དང་ཆ་སྙོམས་ཆག་ཚད53%ཟིན་པ་དང་ཆེས་མཐོ་བའི་ཆག་ཚད95%ཟིན་ཡོད། སྔོན་དཔག་བྱས་ན་རང་རེའི་ཞིང་ཆེན་གྱི་སྨན་རིགས55ཡིས་ལོ་དང་བོའི་ཉོ་སྒྲུབ་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར1.9ལྷག་ནས0.4བར་དུ་མར་བབས། མ་དངུལ་སྒོར་དུང་ཕྱུར1.5ལྷག་གྲོན་ཆུང་བྱས། 2019ལོའི་ཟླ4བ་ནས་བཟུང་རྒྱལ་ཁབ་ཀྱིས་སྨན་རིགས་གཅིག་བསྡུས་ངང་ཉོ་སྒྲུབ་ཀྱི་ཚོད་ལྟ་རྩ་འཛུགས་བྱས། མིག་སྔར་རྒྱལ་ཡོངས་སུ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་བསྡོམས་པས་རབས་གསུམ་སྐོར 4རྩ་འཛུགས་བྱས། ཀན་སུའུ་ཞིང་ཆེན་གྱིས2019ལོའི་ཟླ12པའི་ཚེས20ཉིན་དང་། 2020ལོའི་ཟླ4བའི་ཚེས24ཉིན། 2020ལོའི་ཟླ11པའི་ཚེས15ཉིན་བཅས་སྔ་རྗེས་སུ་ལག་བསྟར་བྱས།

བར་འདེམས་རིན་གོང་ལས་བལྟས་ན། 2019ལོའི་ཟླ12པའི་ཚེས20ཉིན་ལ། རབས་དང་བོའི་རྒྱལ་ཁབ་ཀྱི་འཚོལ་བསྡུ་བྱས་པའི་སྨན་རིགས25ཁྲོད་ཀྱི་བར་འདེམས་འབྲས་བུ་དེ་རང་རེའི་ཞིང་ཆེན་དུ་དོན་འཁྱོལ་བྱས། དེ2018ལོའི་རིགས་མཐུན་པའི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་དང་བསྡུར་ན། ཆ་སྙོམས་སུ59%ཆག་པ་དང་ཆེས་མཐོ་དུས96%ཆག 2020ལོའི་ཟླ4བའི་ཚེས24ཉིན་ལ། རབས་གཉིས་པའི་རྒྱལ་ཁབ་ཀྱི་ཉོ་སྒྲུབ་སྨན་རིགས32ཁྲོད་བར་འདེམས་འབྲས་བུ་དོན་འཁྱོལ་བྱས་ནས་ཆ་སྙོམས་སུ62%ཆག་པ་དང་ཆེས་མཐོ་ཚད89ཆག 

རབས་གསུམ་པའི་རྒྱལ་ཁབ་ཀྱི་ཉོ་སྒྲུབ་སྨན་རིགས55ཡི་བར་འདེམས་འབྲས་བུ་ཟླ11པའི་ཚེས15ཉིན་ལ་རང་རེའི་ཞིང་ཆེན་དུ་ལག་བསྟར་བྱས། བར་འདེམས་རིན་གོང་དེ་ཉོ་སྒྲུབ་མ་བྱས་གོང་གི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་དང་བསྡུར་ན། ཆ་སྙོམས་སུ་རིན་གོང 55ཆག་པ་དང་ཆེས་མཐོ་དུས95%ཆག སྔོན་དཔག་བྱས་ན་རང་རེའི་ཞིང་ཆེན་གྱི་སྨན་རིགས55ཡིས་ལོ་དང་བོའི་ཉོ་སྒྲུབ་ཀྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར1.9ལྷག་ནས0.4བར་དུ་མར་བབས།

ངོ་སྤྲོད་བྱས་པ་ལྟར་ན། རབས་གསུམ་པའི་ཉོ་སྒྲུབ་སྨན་རིགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་རྗེས། གཅིན་སྙི་ནད་པའི་རྒྱུན་སྨན་དང་ཁྲག་རྩ་འབབ་པའི་སྨན་ལ་དཔེར་ན། ཐོག་མའི་རིན་གོང་སྨན་རེ་རེར་སྒོར0.51དང་གོང་བཅག་རྗེས་སྨན་རེར་སྒོར0.08རེ་དང་ཉིན་རེར་ཐེངས་གཉིས་ཀྱི་འཐུང་ཚད་ལྟར་ན། མ་གཞི་ལོ་རེའི་འགྲོ་སོང་སྒོར360ལྷག་དང་ད་ལྟ་ལོ་རེར་འགྲོ་སོང་སྒོར58.4རུ་བབས། གཅོང་ནད་བྱུང་བའི་ནད་པས་དུས་ཡུན་རིང་བོར་འཐུང་བའི་ཁྲག་རྩ་མཐོ་བར་འགོག་པའི་སྨན“ཏེ་ཝུན”དཔེ་བཞག་ནས་བཤད་ན། མ་གཞི་ཧའོ་ཁེ80ཅན་དང་རིལ་བུ7ཡོད་པ་དེར་སྒོར34.27ཡིན། ད་ལྟ་ཧའོ་ཁེ80ཅན་དང་རིལ་བུ36ཡོད་པ་དེར་སྒོར8.63དུ་མར་བབས། ཉིན་རེར་ཐེངས་རེའི་འཐུང་ཚད་ལྟར་ན། མ་གཞི་ལོ་རེར་འགྲོ་སོང་སྒོར1700ལྷག་དགོས་པ་དང་ད་ལྟ་འགྲོ་སོང་སྒོར100ལྷག་ཏུ་མར་བབས། ཀན་སུའུ་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ཀྱི་ངོ་སྤྲོད་ལྟར་ན། སྨན་རིགས་གཅིག་བསྡུས་ངང་ཉོ་སྒྲུབ་བྱས་ན་སྨན་རིན་ཇེ་མཐོར་འགྲོ་ཚད་དམའ་རུ་གཏོང་བའི་ནུས་པ་ལྡན་ལ། རིན་གོང་དམའ་བའི་སྨན་རིགས་སྐོར་ཞིག“སླར་གསོན”བྱུང་རྗེས་སླར་ཡང་ནད་པར་སྤྱོད་པའི་དམིགས་ཡུལ་ཡང་ཡོད།

འོན་ཀྱང་། གཅིག་བསྡུས་ངང་ཉོ་སྒྲུབ་བྱས་པའི་སྨན་རིགས་ཀྱི་རིན་གོང་བཅག་རུང་སྤུས་ཚད་བཅག་མེད་པས། ནད་པ་རང་ཉིད་ཀྱི་སྨན་བཅོས་འགན་ལེན་གྱི་ཐོབ་ཐང་ལ་ཤུགས་རྐྱེན་མི་ཐེབས་པ་དང་འགྲོ་སོང་བསྡུར་ཚད་ད་ལྟར་ལག་བསྟར་བྱེད་བཞིན་པའི་སྨན་བཅོས་འགན་ལེན་སྲིད་ཇུས་དང་འདྲ།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།