ཀྲུང་གོ་བོད་ཀྱི་དྲ་བ།

ལན་ཀྲའུ་ཁུལ་གསར་དང་ཝུའུ་ཝུའེ་གྲོང་ཁྱེར་གྱི་ནད་དཔེ་ལ་འབྲེལ་འདྲིས་བྱུང་བའི་མི་སྣའི་འགུལ་སྐྱོད་གནས་ཚུལ་སྐོར་གྱི་ཡོངས་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ལན་ཀྲུའུ་་ཁུལ་གསར་གྱི་པྲོག་དབྱིགས་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཝུའུ་ཝེ་གྲོང་ཁྱེར་གྱི་ནད་དཔེ་དང་འབྲེལ་འདྲིས་བྱུང་བའི་མི་སྣའི་འགུལ་སྐྱོད་སྐོར་གྱི་གསལ་བསྒྲགས།

  2020ལོའི་ཟླ11པའི་ཚེས27ཉིན། ཝུའུ་ཝེ་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་པྲོག་གསར་ནད་དཔེ་གཅིག་ཡོངས་བསྒྲགས་བྱས་ཡོད། རིམས་འགོག་སྡེ་ཁག་གི་ནད་རིིགས་བརྟག་དཔྱད་ལྟར། ལན་ཀྲའུ་ཁུལ་གསར་དུ་འབྲེལ་འདྲིས་ཡོད་པའི་མི་སྣ2ཡོད། ཁོ་གཉིས་ཀྱི་ཞིབ་ཕྲའི་འགུལ་སྐྱོད་གནས་ཚུལ་གཤམ་དུ།

  1.ཝང་ཆེ་གེ་མོ། ཟླ11པའི་ཚེས25ཉིན་ཐའེ་ཧྭ་རྒྱལ་སྤྱིའི་མགྲོན་ཁང་དུ་ཞག་སྡོད་བྱས་པ་དང་ཕྱིར་མ་སྐྱོད།ཚེས26ཉིན་གྱི་ཞོགས་པའི་ཆུ་ཚོད5ཡས་མས་སུ་ཝང་ཆེ་གེ་མོས་རླངས་འཁོར་སྐོར་ཏེ་མགྲོན་ཁང་གི་མི5གནམ་ཐང་དུ་བསྐྱལ་བ་དང་ལམ་དུ་ཁ་ཐུམ་བརྒྱབ་ཡོད་ལ་ཐང་མ་བུད། བསྐྱལ་རྗེས་གཅིག་པུ་ཕྱིར་ལོག་པ་དང་གཞན་དུ་མ་བསྐྱོད།

  2.གཡང་ཆེ་གེ་མོ། ཟླ11པའི་ཚེས25ཉིན་ཐའེ་ཧྭ་རྒྱལ་སྤྱིའི་མགྲོན་ཁང་དུ་བྱ་བར་ཞུགས། ཚེས26ཉིན་གྱི་ཞོགས་པའི་ཆུ་ཚོད9བར་ལས་གྲོལ། མཱ་ཅ་ཧྲན་སྤྱི་སྤྱོད་རླངས་འཁོར(རྟགས་མི་གསལ)དུ་བསྡད། ཆུ་ཚོད9དང་ཕྱེད་ཀའི་སྟེང་ཚའེ་ཧོན་ཁྲིན་ལྷོ་སྒོ་འབབ་ཚུགས་ནས་བུད་དེ་ཚའེ་ཧོན་ཁྲིན་གྱི་ཁྱིམ་དུ་ལོག ཚེས27ཉིན་གྱི་ཞོགས་པའི་ཆུ་ཚོད7དང་ཕྱེད་ཡས་མས་སུ་ཚའེ་ཧོན་ཁྲིན་ཤར་སྒོའི་འབབ་ཚུགས་ནས་ལམ་ཐིག11གིི་སྤྱི་སྤྱོད་རླངས་འཁོར་དུ་བསྡད། ཆུ་ཚོད8ཡས་མས་སུ་མཱ་ཅ་ཧྲན་སྣུམ་སྣོན་ས་ཚུགས་འབབ་ཚུགས་སུ་སླེབས། དེའི་རིང་ཁ་ཐུམ་གྱོན་ཡོད།

  ཝང་ཆེ་གེ་མོ་དང་གཡང་ཆེ་གེ་མོ་ཟླ11པའི་ཚེས27ཉིན་གཅིག་བསྡུས་དོ་དམ་བྱས་ཡོད། གོང་གི་མི་གཉིས་ཀྱི་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་ཚང་མ་སྲིབ་གཤིས་ཡིན་པ་རེད། རིམས་འགོག་སྡེ་ཁག་གིས་པྲོག་གསར་ནད་པ་དང་འབྲེལ་འདྲིས་ཡོད་པའི་ཁོར་ཡུག་ལ་དུག་སེལ་བྱས་ཡོད།

   གལ་ཏེ་གོང་གསལ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ལ་གོང་གསལ་གྱི་དུས་ཚོད་དེར་འགོག་སྲུང་མེད་པའི་གནས་ཚུལ་འོག་ལས་མཉམ་དུ་བསྐྱོད་པའམ་ཁ་བརྡ་བྱེད་པ། འབྲེལ་འདྲིས་དམ་ཟབ་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པའི་མི་སྣ་འཕྲལ་དུ་ཉེ་སའི་སྡེ་ཁུལ་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས། སྡེ་ཁུལ་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱས་ཏེ་བླང་བྱ་ལྟར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས། གལ་ཏེ་སྦ་གསང་བྱས་ནས་སྙན་སེང་མ་ཞུས་པར་མཇུག་འབྲས་ངན་པ་བཟོས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ།


    རྒྱ་ཆེའི་གྲོང་མི་ཚོས་མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་པའི་འདུ་གནས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་བཏུམ་བརྒྱབ་ཏེ། ལུགས་མཐུན་གྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་སྲུང་འཛིན་བྱ་དགོས། ལག་པ་འཁྲུད་པ་དང་རྒྱུན་དུ་རླུང་འཁོར་རྒྱུ་བྱེད་དུ་འཇུག་པ། འདུས་སྡོད་མི་བྱེད་པ། གཅིག་འདུ་མི་བྱེད་པ། མཉམ་འདུ་འཛོམས་ཉུང་ཙམ་བྱེད་པ་སོགས་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་པོ་ཆགས་པ་བྱས་ནས་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། ཐུན་མོང་ཐོག་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་རྗེས་དཔག་གིས་ཁ་གཏད་འཇལ་བའི་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་དགོས།

ཆེད་དུ་བསྒྲགས་པའོ།།

ལན་ཀྲའུ་ཁུལ་གསར་གྱི་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

2020ལོའི་ཟླ11ཚེས28ཉིན་ལ།


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།