ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་བོ་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན་ལ། ཀན་ལྷོ་ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་བོ་གཙོས་ནས་ཚོགས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི། ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ལ་གཙོ་འགན་ཁུར་བ་དང་། ཁུལ་གྱི་འགོ་ཁྲིད་ཝང་ཧྲང་ཞུའེ་དང་། དབྱང་ཅན་གོ། ལིའང་ཝེ་ཅི། ཨན་ཞུས་ལིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་གྲོས་ཚོགས་སུ་ཞུགས།

ཚོགས་འདུའི་ཐོག ཀན་ལྷོ་ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད(2020ལོ་ནས2035ལོའི་བར)(ཞིབ་བཤེར་བྱ་བའི་མ་ཡིག)ལ་ཞིབ་བཤེར་བྱས་པ་དང་ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧྲང་ཞུའེ་ཡིས་འཆར་འགོད་བཟོ་སྒྲིག་གནས་ཚུལ་གསལ་བཤད་བྱས། འཆར་འགོད་རྩོམ་སྒྲིག་ཚན་ཆུང་གི་ཚན་གཙོའམ་ནུབ་བྱང་དགེ་འོས་སློབ་ཆེན་ས་ཁམས་དང་ཁོར་ཡུག་ཚན་རིག་སློབ་གླིང་གི་འབུམ་རམས་པའི་སློབ་དཔོན་ཤིན་ཚུན་ལིན་གྱིས《ཀན་ལྷོ་ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད(2020ལོ་ནས2035ལོའི་བར)》ངོ་སྤྲོད་བྱས་པ་རེད། ཚོགས་ཞུགས་འགོ་ཁྲིད་ཀྱིས་བཟོ་བཅོས་ཐད་བསམ་འཆར་བཏོན།

ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པ་དང་རྨ་ཆུ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པའི་བསྐལ་བརྒྱར་གྱུར་པའི་ཇུས་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་བསྒྱུར་ཡོད། 《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད》སྒྲིག་བཟོ་བྱས། “མ་ཡུམ་གཙང་བོ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་བའི”དུས་རབས་ཀྱི་འབོད་སྒྲ་དྲག་པོ་བསྒྲགས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་དང་འཆར་གཞི་ལེགས་པོ་བཀོད་ཡོད།

ཀྲའོ་ལིན་ཡུན་གྱིས་འཆར་འགོད་ནང་དོན་འཐུས་ཚང་དུ་གཏོང་དགོས་པ་དང་ལས་གཞིའི་ལས་འགན་ཞིབ་ཕྲ་བཟོ་བ་དང་དུས་ཚོད་ཀྱི་མཚམས་ཚིགས་ཁ་གསལ་བཟོས་ནས་འཆར་འགོད་ལ་སྔ་བལྟས་ཕྱི་བསམ་རང་བཞིན་དང་། མཛུབ་སྟོན་རང་བཞིན། ཚན་རིག་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་སྔར་བས་ཆེན་པོ་ལྡན་པ་འགན་ལེན་བྱས་ཡོད། ལས་གཞི་འབྲེལ་མཐུད་ཀྱི་རེ་ཞུ་ལེགས་པོ་བྱས་ཡོད། རྫོང་དང་གྲོང་ཁྱེར་སོ་སོ་དང་ཆེད་དོན་འགན་འཁུར་ཚན་ཆུང་སོ་སོས་བྱ་བའི་གཙོ་གནད་ཁོང་དུ་ཆུད་པ་དང་། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། རང་འགན་རང་ཁུར་དང་རང་འགུལ་ངང་བྱས་རྗེས་བཞག་ནས་འཆར་འགོད་ལས་གཞི་གང་མགྱོགས་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆུ་བེད་འཛུགས་སྐྲུན་དང་ས་ཆུ་སྲུང་འཛིན། སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་འཛུགས་སྐྲུན། སྦགས་བཙོག་འགོག་བཅོས། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་གོང་སྤེལ་དང་ཐོན་ལས་སྤོ་སྒྱུར། ནགས་ས་དང་རྩྭ་ཐང་སྲུང་སྐྱོང་དང་སླར་གསོ། ཞིང་ཁ་དང་རྨོ་ཞིང་སྲུང་སྐྱོང་དང་ཞིང་ཕྱུགས་ལས་འཕེལ་རྒྱས་སོགས་བརྗོད་གཞི་གལ་ཆེན8ལ་ཞིབ་འཇུག་བྱས། 《འཆར་འགོད》ཀྱི་རིག་མཛོད་ཆགས་པ་བྱས་ཏེ《འཆར་འགོད》དོན་འཁྱོལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན།

ཁུལ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐུན་སྦྱོར་སྐུལ་འདེད་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་ཁག་སོ་སོའི་འགན་འཁུར་བ། རྫོང་སོ་སོ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།