ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དུ་རྐྱང་ཁྱུ་མང་པོ་མཐོང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20201124094501557.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་དོ་དམ་ཅུས་ཀྲང་དབྱི་ཡན་ལག་ཅུས་ཀྱིས་ཆི་ཧྥུང་སྲུང་སྐྱོང་ས་ཚིགས་སུ“2020ལོའི་རི་བོ་གཙང་བཟོའི་ཆེད་དོན་བྱ་འགུལ”སྤེལ་སྐབས། མཚོ་སྔོན་གྱི་ཐོན་ཁུངས་དོ་དམ་སྲུང་སྐྱོང་ཁོངས་གཏོགས་ཁུལ་དུ་རྐྱང་ཁྱུ་མང་པོ་མཐོང་ཞིང་པར་ལེན་ཐུབ་པ་བྱུང་ལ་གྲངས་འབོར་ཕལ་ཆེར250ལྷག་ལ་སླེབས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྐྱང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་ཀྱི་ཟུར་བཀོད་ནང་བཅུག་ཡོད་ལ། དེ་ནི་དབྱར་དུས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ལྷག་ཡོད་པའི་མཐོ་སར་གནས་ཤིང་དགུན་དུས་སུ་ས་བབ་ཅུང་དམའ་སར་འཚོ་བཞིན་ཡོད་པའི་མཚོ་བོད་མཐོ་སྒང་གི་རྩྭ་གཟན་སྲོག་ཆགས་ཆེ་གྲས་ཤིག་རེད། ད་ཐེངས་ཀྱི་གྲངས་འབོར་འདི་འདྲ་མང་བའི་རྐྱང་ཁྱུ་ལ་པར་ལེན་ཐུབ་པ་ནི་གོ་སྐབས་ཉག་ཕྲ་བ་ཞིག་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།