ཀན་ལྷོ་ཁུལ་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བྱ་བ་དང་ཆུ་དཔོན་དང་མཚོ་དཔོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། ཀན་ལྷོ་ཁུལ་གྱིས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བ་དང་ཆུ་དཔོན་དང་མཚེའུ་དཔོན་གྱི་ཆེད་དོན་གསོ་སྦྱོང་སྤེལ། 

ཞིང་ཆེན་ཆུ་བེད་ཐིང་དང་ཆུ་བེད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་ཆུ་བོ་དང་མཚེའུ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། མཐོ་རིམ་བཟོ་བཀོད་པ་ཝུའེ་ཧུང་ཆིང་གིས། “ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་དང་ཆུ་དཔོན་གྱི་འགན་སྒྲུབ་ལ་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོར་དམིགས་ནས། “ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་གི་ཀྲུང་གོའི་ཇུས་གཞི” “ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་གི་ལས་འགན”“ཆུ་དཔོན་གྱི་འགན་སྒྲུབ་ལ་ཞབས་འདེགས་ཞུ་བ”བཅས་ཕྱོགས་གསུམ་ཐད་ནས་ཟུར་ཁྲིད་བྱས།

གསོ་སྦྱོང་ཐོག་སྔར་བས་བསམ་བློ་གཅིག་གྱུར་དང་བསམ་ཕྱོགས་གསལ་བོ། བྱེད་ཐབས་ཞིབ་འཇུག སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། རང་ཁུལ་གྱི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། ཆུ་དཔོན་དང་མཚེའུ་དཔོན་བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆུ་བོ་སྲུང་བའི་འགན་ཡོད་པ། ཆུ་བོ་སྲུང་བའི་འགན་འཁུར་བ་བཅས་བྱས་ནས། ངོས་འཛིན་མཐོ་རུ་བཏང་སྟེ་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་ལ། འགན་འཁྲི་གསལ་བོ་བྱས་ནས་སྡེ་ཁག་གིས་རམ་འདེགས་བྱེད་པ་དང་། ཆུ་བོ་དང་མཚེའུ་འགྲམ་རྒྱུད་དོ་དམ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། བྱ་ཐབས་ལ་ཤུགས་སྣོན་དང་གནད་དོན་ཐག་གཅོད་བྱས་ཏེ།ནུས་ལྡན་སྒོས་བྱ་བ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་འགན་ལེན་བྱ་དགོས། “སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན”ཞེས་པ་དེ་སྲོག་ཤིང་དུ་འཛིན་པའི་རིགས་པའི་གཞུང་ལུགས་ཀྱི་དགོངས་པ་དེ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་དགོས། གྲོང་རྡལ་དང་སྡེ་བ་བཅས་རིམ་པ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཆུ་བོ་དང་མཚེའུ་སྲུང་སྐྱོང་བྱེད་པའི་ལས་འགན་ནན་ཏན་གྱིས་ཁུར་དགོས། ཀན་ལྷོའི་ཆུ་བོ་ཤར་རྒྱུག་དང་ཆུ་བོ་དྭངས་གཙང་། མཚེའུ་འགྲམ་སྔོ་ལྗང་། ཡུལ་ལྗོངས་མཛེས་པ་བཅས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བསྐྲུན་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།