ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་ཤྭ་བ་མཆུ་དཀར་ཁྱུ་དང་ཁྱུ་བྱས་ནས་ཟས་འཚོལ་བཞིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཁོངས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར200ལྷག་ཁྱུ་དང་ཁྱུ་བྱས་ནས་རི་འདབས་སུ་ཟས་འཚོལ་བཞིན་པ་མཐོང་། ཤྭ་བ་མཆུ་དཀར་ནི་གཙོ་བོ་མཚོ་བོད་མཐོ་སྒང་དུ་ཁྱབ་ལ་རིགས་འདིའི་གྲངས་འབོར་ཉུང་བས་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་མིང་གཞུང་དམར་པོའི་ནང་བཅུག་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཤྭ་བ་མཆུ་དཀར་འཚོ་སྡོད་ཁུལ་གྱི་སྣོད་བཅུད་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད་པས་ཤྭ་བ་མཆུ་དཀར་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།

1126585857_16022291977501n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།