ཀྲུང་གོ་བོད་ཀྱི་དྲ་བ།

འཛུགས་སྐྲུན་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས“འཚར་ལོངས་འཆར་གཞིའི”བྱ་དགའི་མ་དངུལ་སྒོར་ཁྲི6བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། འཛུགས་སྐྲུན་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས་གཙོས་སློབ་འབྲིང་གཉིས་པའི་སློབ་མ20ལ“འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར3000རེ་སྤྲད་པ་དང་བསྡོམས་པས་སྒོར་ཁྲི6བཏང་།

ཤེས་རྟོགས་བྱུང་བ་ལྟར་ན། “འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་ནི་འཛུགས་སྐྲུན་དངུལ་ཁང་གིས་ཀུན་སྤྱོད་དང་། ཤེས་རིག  ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའམ་ཡང་ན་རིག་ཚན་ཅིག་ཏུ་མངོན་གསལ་དོད་པའི་གྲུབ་འབྲས་ཐོན་པའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་གི་ཕུལ་བྱུང་མཐོ་རིམ་སློབ་འབྲིང་སློབ་མའི་སྤྱི་ཕན་རོགས་སྐྱོར་ལས་གཞི་ཞིག་རེད། ཉེ་བའི་ལོ་ཤས་རིང་ལ། འཛུགས་སྐྲུན་དངུལ་ཁང་གིས་སྤྱི་ཚོགས་ཀྱི་ཁུར་བོ་ཕྲག་ཏུ་བླངས་ནས་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་བྱས་ནས། “འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་སྤྲད་པ་བརྒྱུད་ཀན་ལྷོ་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་ལ་གཅེས་སེམས་ཀྱི་ལེགས་སྐྱེས་ཕུལ། 

གཙོས་སློབ་འབྲིང་གཉིས་པའི་འགན་ཁུར་བས་འཛུགས་སྐྲུན་དངུལ་ཁང་གིས་དངུལ་རྩའི་མ་དངུལ་ལ་བརྟེན་ནས་ཕུལ་བྱུང་སློབ་མར་རོགས་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུས་ཤིང་། རོགས་སྐྱོར་ཐོབ་པའི་སློབ་མས་སློབ་སྦྱོང་ཧུར་ཐག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་འཛུགས་སྐྲུན་དངུལ་ཁང་གི་གཅེས་སེམས་ཆེན་པོ་རང་འགུལ་ངང་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པའི་བསམ་ཚུལ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།