ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཚོགས་རྗེས། ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་གི་རྒྱ་ཆེའི་ཏང་ཡོན་གྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་རྫོང་ཡོངས་སུ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་རེད།

འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་“ཕྱོགས་བསྒྱུར་”དམ་འཛིན་བཟང་པོ་བྱས་པ། རྫོང་ཏང་ཨུས་རྫོང་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ནས། རྫོང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུའི་དགོངས་དོན་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཧུར་ཐག་གིས་བསམ་བློ་དང་བྱ་སྤྱོད་དེ་བོད་ལྗོངས་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། “འདུ་ཤེས་བཞི་”སྲ་བརྟན་དང་། “གདེང་ཚོད་བཞི་”བརྟན་འཇགས། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། 

ཏང་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་སློབ་སྦྱོང་བྱས་པ། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཧུར་ཐག་གིས་བྱ་སྤྱོད་སྤེལ་ནས། ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ཚོགས་ཆེན། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཏང་ཡོན་ལས་བྱེད་པ་བཅས་ཀྱི་གསོ་སྦྱོང་ནང་དོན་དུ་བཅུག་ནས་ཞིབ་བསྡུར་སྤེལ་རེས་དང་ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལས་དོན་དངོས་ནང་བཅུག་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན། སྡེ་བ་དར་རྒྱས་གཏོང་བའི་ཐབ་ཇུས་ལག་བསྟར། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ངར་ཤུགས་སྔར་བས་ཆེ་རུ་བཏང་།  

ཐབས་ལམ་རྒྱ་ཆེར་བཏང་ནས་རང་འགུལ་གྱིས་སློབ་སྦྱོང་བྱས་ཏེ“ནང་གི་སྒུལ་ཤུགས”ཆེ་རུ་བཏང་བ། ཏང་ཡོན་པའི་སློབ་གསོ་དང་དོ་དམ་བྱེད་པའི་སྐད་འཕྲིན་ཚོམས་དང་། སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ། རྨ་ཆུའི་སྒེག་ཉམས་སོགས་འཕྲིན་སྟེགས་ཀྱི་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ནས། ཏང་ཡོན་གྱིས་ཡུན་ཕན་རང་སྦྱོང་བྱེད་པར་སྐུལ་འདེད་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དུས་ཐོག་ཏུ་རྒྱུད་སྒྲོག་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི“ངེས་པར་བྱེད་དགོས་པ་བཅུའི”ཚན་རིག་དང་མཐུན་པའི་གོ་དོན་ཡང་དག་པར་ཁོང་དུ་ཆུད་པ་དང་། དུས་རབས་གསར་པའི་བོད་ལྗོངས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། གཙོ་གནད་ལས་འགན་བཅས་ཡང་དག་པར་ཁོང་དུ་ཆུད་པ། རྨ་ཆུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་བསམ་བློའི་རྨང་གཞི་བརྟན་པོ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།