ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་གིས་རིན་པ་མེད་པར་ཀན་ལྷོ་ཁུལ་ཡོངས་ཀྱི་མིག་ཤེད་སྐྱོན་ཅན་གྱི་བྱིས་པ100 ལ་སླར་གསོའི་སྦྱོང་བརྡར་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་སྒྲུབ་ཐིང་གི2020ལོར་དམངས་ཀྱི་དོན་དུ་དངོས་དོན་སྒྲུབ་པའི་ལག་བསྟར་ཇུས་གཞི་བཀྲམ་པའི་བརྡ་ཐོ་དངཀན་སུའུ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི2020ལོར་དམངས་ཀྱི་དོན་དུ་དངོས་དོན་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོར་སོགས་ལས་གཞིའི་ལག་བསྟར་ཇུས་གཞི་བཀྲམ་པའི་བརྡ་ཐོའིདགོངས་དོན་ལ་གཞིགས་ནས། ཀན་ལྷོ་ཁུལ་ལ་མིག་ཤེད་སྐྱོན་ཅན་དྲག་སྐྱེད་སླར་གསོའི་རོགས་སྐྱོར་ལས་གཞིར་མི100བགོས་ཡོད། 

ལས་གཞི་དེའི་རོགས་སྐྱོར་བྱ་ཡུལ་ནི་ཀན་ལྷོའི་ཐེམ་ཐོ(གནས་སྡོད་ལག་ཁྱེར་སྤྲོད་ཡུལ་ཀན་ལྷོ་རུ་ཡོད་པ)ཡིན་པ་དང་། ད་ལྟའི་གཙོས་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པ་དང་སློབ་ཆུང་གསུམ་པ། བོད་རིགས་སློབ་ཆུང་དང་ཡང་ན་ཀན་ལྷོ་ཁུལ་གཙོས་སློབ་ཆུང་དང་བོ་རུ་སློབ་གཉེར་བྱེད་པ་མ་ཟད། གཙོས་གྲོང་ཁྱེར་དུ་བདེ་ཐང་སླར་གསོའི་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་ཐུབ་པའི་མིག་ཤེད་སྐྱོན་ཅན་གྱི་བྱིས་པ་ཡིན། མིག་ཤེད་སྐྱོན་ཅན་གྱི་བྱིས་པ་རེ་ལ་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར5000སྤྲད་པ་དང་སྦྱོང་བརྡར་དུས་ཡུན་ཟླ་བ4ལས་མི་ཉུང་བ།

མིག་ཤེད་སྐྱོན་ཅན་གྱི་བྱིས་པ་ལྟ་སྐྱོང་མཁན་གྱིས་ཁུལ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་ཏུ་ཁྲིད་དེ་བརྟག་དཔྱད་བྱེད་པའི་ཁྲོད་བྱིས་པ100གྲལ་བཤེར་བྱས། གྲལ་བཤེར་བྱས་ཟིན་པའི་བྱིས་པས་མི་དམངས་སྨན་ཁང་གི་ནད་གཞི་བརྟག་དཔྱད་ངོ་སྤྲོད་ཡི་གེ་དང་། ཐེམ་ཐོའི་བསྐྱར་པར་དང་ཡང་ན་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་པར་ཁྱེར་ནས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འོག་གཤམ་གྱི་གཙོས་གྲོང་ཁྱེར་གྱི་ལིང་ཀྲི་མེང་བདེ་ཐང་སླར་གསོའི་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཞིབ་མཆན་རེའུ་མིག་བསྐོངས་རྗེས། སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག  གཙོས་གྲོང་ཁྱེར་གྱི་ལིང་ཀྲི་མེང་བདེ་ཐང་སླར་གསོའི་ཞབས་ཞུ་ལྟེ་གནས་ཀྱིས་སླར་གསོའི་སྦྱོང་བརྡར་དུས་ཚོད་བཀོད་སྒྲིག་དང་། ཆེད་ལས་མི་སྣས་སླར་གསོའི་སྦྱོང་བརྡར་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བསྟུན་འཐེན་བཤེར་དང་ཁ་པར་གྱི་ལམ་ནས་གནས་ཚུལ་འདྲི་བའི་རྣམ་པ་སྤྱད་དེ། ལས་གཞི་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་རྒྱུས་ལོན་དང་། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་བྱས་ཏེ། ལས་གཞི་སྤུས་ཚད་མཐོན་པོའི་སྒོ་ནས་དུས་བཅད་ལྟར་ལེགས་སྒྲུབ་ཐུབ་པ་འགན་ལེན་བྱས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།