ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུས་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་ཁེ་ལས་དང་ལས་ཞུགས་དབུལ་སྐྱོར་ཡུལ་དངོས་ལས་བཟོ་བ་བསྡུ་བའི་ཚོགས་འདུ་ལ་ཞུགས་པར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྨ་ཆུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གཙོ་གཉེར་དང་། ཀན་ལྷོ་ཁུལ་ཤེས་ལྡན་མི་སྣའི་བསམ་བློ་བརྗེ་རེས་ལྟེ་གནས། ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཐོན་ལས(གསོ་སྤེལ)གླིང་གིས་འགན་གཉེར་བྱས་པའི་“དམངས་ཀྱི་ཁེ་ལས་སུ་‘ལས་ཀར’ཞུགས་ན། ‘མ་འོངས་པར’རེ་བས་ཁེངས”ཅེས་པའི་བརྗོད་དོན་གཙོ་བོའི་རྨ་ཆུ་རྫོང་གི2020ལོའི་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་ཁེ་ལས་སུ་བསྐྱོད་པར་རོགས་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ཡུལ་དངོས་ལས་མི་བསྡུ་བའི་ཚོགས་འདུ་རྨ་ཆུ་རྫོང་གེ་སར་རིག་གནས་ཐང་ཆེན་དུ་གཉེར་བ་རེད།

   ཐེངས་འདིར་ལས་མི་བསྡུ་བའི་ཚོགས་འདུས་འབྲེལ་མཐུད་བྱེད་སྟངས་ཀྱི་རྣམ་པས།  ཡུལ་དངོས་ལས་མི་བསྡུ་བའི་གདན་ཞུའི་ཚོགས་འདུ་བསྡུས་ནས་ལས་ཀ་འཚོལ་མཁན་དང་མི་བཀོལ་ལས་ཁུངས་ལ་འབྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་ཞུགས་ལས་གཏོད་ཐུབ་པར་རོགས་རམ་བྱས། གདན་ཞུའི་ཁྱབ་ཁོངས་ནི་རྨ་ཆུའི་སྐབས་སྔོན་མའི་ལས་ཞུགས་ཐུབ་མེད་པའི་ཆེད་སྦྱོང་དང་འབྲིང་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ། ལས་དབྱུང་ལས་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་། དམག་ཁུངས་ལས་བུད་པའི་དམག་མི་དང་དེ་བཞིན་དམག་མིའི་ཁྱིམ་མི། ངལ་རྩོལ་ནུས་ཤུགས་དབུལ་པོ་སོགས་ཀྱི་འདོད་མོས་ལྟར་ལས་ཀ་འཚོལ་མཁན་དང་ལས་ཞུགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་བཅས་ཡིན་པ་རེད།

ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུའི་སྟེང་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ཁེ་ལས30ལྷག་ལས་བསྡུ་བྱེད་པར་རྩ་འཛུགས་བྱས་ནས། ལས་ཞུགས་ལས་གནས215མཁོ་འདོན་བྱས་པར་ཁྱོན་མི་གྲངས500ལྷག་ཙམ་གྱིས་བློ་འདྲི་དང་། མི་གྲངས160ལྷག་ཙམ་གྱིས་གན་རྒྱ་བཞག ལས་ཞུགས་གདན་ཞུའི་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས། མཐོ་རིམ་མཐར་ཕྱིན་སློབ་མ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་ཀྱི་ཚོགས་སྤྱིར་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་མངོན་འགྱུར་བྱེད་པར་ངལ་ནུས་འབྲེལ་མཐུད་ཀྱི་ལས་སྟེགས་ཡག་པོ་ཞིག་བསྐྲུན་པ་དང་། མི་ཤུགས་ཁེ་ལས་གཉིས་ཀྱི་མཁོ་སྤྲོད་ལ་ཕན་ནུས་ལེགས་པོ་ཐོན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།