ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུའི་གནོད་འཚེ་ཕོག་ཁུལ་གྱི་བསྐྱར་སྐྲུན་ལས་དོན་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཆར་བ་ཆེན་པོ་བསྟུད་མར་བབས་ནས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་། མིག་སྔར་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 

ཐེངས་འདིའི་གནོད་འཚེའི་ཁྲོད་འབྲུག་ཆུ་རྫོང་གི་ཤང་གྲོང19ཡི་ཞིང་སྡེ176གི་ཁྱིམ15312ཀྱི་མི62198ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། ས་མཚམས་བརྒལ་བའི་ཞིང་ཆེན་རིམ་པའི་གཞུང་ལམ་དང་རྫོང་། ཞང་། སྡེ་བ་བཅས་ཀྱི་བགྲོད་ལམ་ལ་གཏོར་བརླག་ཚབས་ཆེན་བྱུང་ནས། གློག་ཤུགས་དང་འཕྲིན་གཏོང་ཆད་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར37.34བཟོས་ཡོད། 

ཉེན་བརྡ་ཡང་དག་བཏང་བ་དང་མང་ཚོགས་དུས་ཐོག་ཏུ་ཁ་འགྲེམས་པས་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བྱུང་མེད། གནོད་འཚེའི་གནས་ཚུལ་བྱུང་རྗེས་ས་གནས་དེའི་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཉེན་འགོག་གེགས་སེལ་དང་། གནོད་འཚེའི་གནས་ཚུལ་བསྡོམས་རྩིས། ཞོར་ཐོན་གནོད་འཚེ་འགོག་ཟོན། ལས་རེས་བརྟན་སྲུང་སོགས་ཀྱི་ལས་དོན་ཐད་སླར་ཡང་བཀོད་སྒྲིག་ནན་མོ་བྱས། 

ཟླ9བའི་ཚེས3ཉིན་བར། འབྲུག་ཆུ་རྫོང་དུ་ཤང་གྲོང18ཀྱི་སྲིད་འཛིན་སྡེ་བ115དང་རང་བྱུང་སྡེ་བ101གི་འགྲིམ་འགྲུལ་སླར་གསོ་བྱུང་ནས་བསྡོམས་པས་བགྲོད་ལམ་སྤྱི་ལེ344.86མྱུར་དུ་ཤར་གཏོང་བྱས་པ་དང་། གློག་ཤུགས་ཆད་པའི་ཞིང་སྡེ་119ཁྲོད་སྡེ་བ106གི་གློག་སླར་ཡང་མཁོ་འདོན་བྱས། ཤང་གྲོང17གྱི་སྲིད་འཛིན་སྡེ་བ92དང་རང་བྱུང་སྡེ་བ129ལ་འཚུབ་བསྟུན་ཆུ་མཁོ་འདོན་བྱས་ཡོད། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།