ཀྲུང་གོ་བོད་ཀྱི་དྲ་བ།

དགུ་མདོག་ཀན་ལྷོའི“ཤམ་བྷ་ལའི”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

1.jpg

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས31ཉིན། སྐབས་ཉི་ཤུ་པའི་དགུ་མདོག་ཀན་ལྷོའི“ཤམ་བྷ་ལའི”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀན་ལྷོའི་རྩྭ་ཐང་དུ་འགོ་ཚུགས་ཤིང་། མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་ངང་མཉམ་དུ་འཛོམས་པ་དང་། དུས་ཆེན་སྐབས་སུ་རྟ་ཞོན་རུ་ཁག་དང་། མི་སྟོང་གི་སྐོར་བྲོ། ཁང་བའི་རླངས་འཁོར། མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ།

 ཉེ་བའི་ལོ་ཤས་རིང་ཀན་ལྷོ་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྣམ་མང་ཅན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་ཕྱུག་འགྱུར་ཡོང་བའི་ཐད་ལའང་སྐུལ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།