ཀྲུང་གོ་བོད་ཀྱི་དྲ་བ།

ནས་ཆང་ཐོན་ལས་ཀྱིས་དབུལ་སྐྱོར་ལམ་བུར་དྲི་ཞིམ་འཐུལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱ་འབབ་ཤང་ས་ཚང་སྡེ་བ་ནི་ཆ་སྙོམས་སུ་མཚོ་ངོས་ལས་མཐོ་ཚད་སྨི2600ཡོད། ཐེ་བོ་རྫོང་མཁར་དང་བར་ཐག་སྤྱི་ལེ130ཡོད་པ་དང་། སྔོན་ཆད་འདི་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་ལ་རྫོང་མཁར་དང་རྒྱང་ཐག་རིང་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན།

དེང་སྐབས་སྡེ་འདབས་ཀྱི་ནས་ཆང་བཟོ་གྲྭར་བསྐྱོད་པ་ན། འཁོར་ཁང་ནང་ཆང་རྫ་རེ་རེ་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་དེ་དག་གིས་ས་ཚང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་ལྷག་དབུལ་ཐར་ཐུབ་པའི་ཕུགས་འདུན་བཅངས་ཡོད།

བྱ་འབབ་ཤང་ནི་ས་དེ་གར་སྐད་གྲགས་ཆེ་བའི་ནས་ཆང་གི་ཕ་ས་ཡིན་མོད། འོན་ཀྱང་། རྨང་གཞིའི་ཆ་རྐྱེན་ཞན་པ་དང་ས་ཁམས་གནས་ཡུལ་ཐག་རིང་བ་སོགས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་ནས་དུས་ཡུན་རིང་བོ་ཞིག་ལ། ས་ཚང་སྡེ་བའི་ནས་ཆང་རྫོང་གི་ཕྱིར་རུ་ཐོན་མི་ཐུབ་པ་དང་སྡེ་བ་ཡང་སྐད་གྲགས་ལྡན་པའི“སྡེ་བ་མིང་ཙམ་དུ”གྱུར་ཡོད། 2013ལོར་བསྡོམས་རྩིས་བྱས་པ་ལྟར་ན་སྡེ་བ་ཡོངས་ལ་ཁྱིམ་ཚང182ཡོད་པའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང100ཡོད་པ་རེད།

 “སྡེ་བའི་མཉམ་ལས་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་མང་དུ་གཏོང་རྒྱུ་ནི། ས་ཚང་སྡེ་བའི“ཨུ་ལྷན་གཉིས”དང་སྡེ་བར་སྡོད་པའི་བྱ་བྱེད་ཚན་ཆུང་གི་བྱ་བ་གལ་ཆེན་དུ་གྱུར། 
    ཐོན་ལས་དབུལ་སྐྱོར་དེ“གཞན་ལ་བརྟེན་པའི་རྣམ་པ”ནས“རང་ལ་བརྟེན་པའི་རྣམ་པར”འགྱུར་ལྡོག་གཏོང་ཆེད། ས་ཚང་སྡེ་བའི“ཨུ་ལྷན་གཉིས”དང་རོགས་སྐྱོར་སྡེ་ཚན་བཟོ་ཚོང་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས“སྡེ་བ་སྤྱི་གཞུང་དང +ཀུང་སི+དབུལ་བོ་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི”རོགས་སྐྱོར་བྱེད་སྟངས་ལག་ལེན་བསྟར་ནས 2019ལོའི་ཟླ8པར། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཐོན་ལས་རོགས་སྐྱོར་མ་དངུལ་དང་རོགས་སྐྱོར་སྡེ་ཚན་གྱི་མ་དངུལ་གྱི་རྒྱབ་སྐྱོར་འོག་སྡེ་བའི་མཉམ་ལས་དཔལ་འབྱོར་ཁེ་ལས་ཀྱི་ནས་ཆང་བསྙལ་བའི་ཀུང་སི་བཙུགས།

དབུལ་ཕོངས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ནས་ཆང་སྙོལ་བཟོ་ཀུང་སིས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་དབུལ་བོ 100ཡི་མ་རྐང་ནང་སྒོར་ཁྲི་གཅིག་འཇོག་རྒྱུའི་སྐུལ་མབཏང་ཞིང་ལོ་ལྟར་མ་དངུལ་གྱི8%ལྟར་ཁེ་སྤོགས་བགོ་བཤའ་བརྒྱབ།

ཕ་མ་གཉིས་ཀ་ལོ་དགུ་བཅུ་ལྷག་ལ་སོན་པས། ཉེ་འགྲམ་ནས་ལས་ཀ་ཙག་ཙིག་བཙལ་བ་ལས། ངེད་བཟའ་ཟླ་གཉིས་ཐག་རིང་ལ་འགྲོ་མི་ཕོད།  ཁྱིམ་གྱི་ཕྲུ་གུ་གསུམ་ད་དུང་སློབ་གྲྭར་འགྲོ་དགོས་པས་འཚོ་བ་ཧ་ཅང་དཀའ་ཁག་ཡོད། ད་ལྟ་སེམས་ཁྲལ་སྤུ་ཙམ་ཡང་མེད། སྡེ་བའི་ནང་དུ་བཟོ་གྲྭ་ཡོད་ལ། ང་ཚོས་སྒོ་འགྲམ་དུ་གླ་བྱས་ནས་ཉིན་ལྟར་ཡོང་སྒོ་སྒོར་བརྒྱ་ལྷག་གསོག་ཐུབ་པ་དང་ན་ནིང་དབུལ་ཐར་བྱུང་སོང་། ད་ལྟ་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་རྡོ་རྗེ་ཡི་ངོ་གདོང་ནས་དགའ་བའི་འཛུམ་མདངས་མངོན།

“ན་ནིང་ནས་ད་བར་དུ། ང་ཚོའི་ཀུང་སིའི་ནས་ཆང་རྒྱ་མ་ཁྲི1.5བསྙལ་ནས་ཕྱིར་ཚོང་པའི་ཡོང་སྒོ་སྒོར་ཁྲི11.5ཟིན་ཡོད། ཉེ་ཆར་ང་ཚོས་མ་རྐང་ལ་ཞུགས་པའི་མང་ཚོགས་ལ་ལོ་འདིའི་ནང་ཐེངས་དང་བོར་ཁེ་སྤོགས་བགོ་བའི་གྲ་སྒྲིག་བྱེད་བཞིན་ཡོད། ”ཅེས་ནས་ཆང་ཀུང་སིའི་འགན་ཁུར་བ་ས་ཚང་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རི་རྒྱལ་གྱིས་གསར་འགོད་པར་བཤད།

ཐོན་ལས་སྐྱེད་སྲིང་བྱ་རྒྱུ་ནི་དབུལ་ཐར་བརྟན་པོ་ཡོང་བའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན། ད་ལྟའི་ས་ཚང་དུ་ཆང་སྙོལ་ལས་རིགས་དེ་སྡེ་བ་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད་པ་དང་། དེ་མིན་ད་དུང་སྨན་རྩྭ་འདེབས་འཛུགས་དང་ཁྱིམ་བྱ་གསོ་ཚགས་སོགས་ཐོན་ལས་མང་བོ་སྤེལ་བཞིན་ཡོད། 2019ལོར་སྡེ་བ་ཡོངས་ཀྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང་ཚང་མ་དབུལ་ཐར་བྱུང་ནས་ལོ་རེར་མི་རེའི་ཆ་སྙོམས་ལོའི་ཡོང་སྒོ་སྒོར7600ཟིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།