ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཆུའི་སྦགས་བཙོག་འགོག་བཅོས་འགོ་ཁྲིད་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཆུའི་སྦགས་བཙོག་འགོག་བཅོས་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་ཁང་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པས་གྲུབ་པའི་རྟོག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་ཚན་ཆུང་གིས་བཅར་འདྲི་དང་དཔྱད་ཡིག་ཀློག་ཞིབ། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་ཁུལ་གྱི《གཙོ་གནད་འབབ་རྒྱུད་ཀྱི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》སྒྲིག་བཟོ་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་སྒྲུབ་ཚུལ(དེའི་ནང་ཆུའི་ཁོར་ཡུག་དང་ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་གི་ཉེན་ཁ་བཅས་ཕྱོགས 4ཚུད་ཡོད)ལ་བརྟག་དཔྱད་ཞིབ་འཇུག་བྱས། “ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གསལ་ཐོ”དང“ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད”ཁ་གསབ་དང་འཐུས་ཚང་དུ་གཏོང་རོགས་བྱས་པ་མ་ཟད། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི་ལ་མཛུབ་སྟོན་དང་ཇུས་འགོད་བྱེད་པ་ཡིན།

བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་ཚན་ཆུང་གིས་སྔ་རྗེས་སུ་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། ཅོ་ནེ་རྫོང་། རྨ་ཆུ་རྫོང་། ཐེ་བོ་རྫོང་བཅས་སུ་ཟབ་ཞུགས་བྱས་ལ། ཀན་ལྷོ་ཁུལ་གྱི་བསང་ཆུ་དང་ཀླུ་ཆུ། འབྲུག་དཀར་གཙང་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས། གཙོས་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་གི་གྲོང་ཁྱེར་མགྱོགས་མྱུར་གཏོད་པ་དང་ཁུལ་ཡོངས་ཀྱི་ཆུའི་ཁོར་ཡུག་གི་ཐེག་ནུས་གདེང་འཇོག་བྱ་བ་བསྒྲུབ་རྒྱུར་ལྟ་སྐུལ་བྱས།

བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་ཚན་ཆུང་གིས་བསམས་པར། ཉེ་བའི་ལོ་འདི་དག་གི་རིང་ལ་ཀན་ལྷོ་ཁུལ་གྱིས་ཆུའི་སྦགས་བཙོག་འགོག་བཅོས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ“ཆུའི་དོན་ཚན་བཅུ”དང《ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམསལག་ལེན་དོན་འཁྱོལ་ནན་མོ་བྱས་པ་དང་། ཤུགས་ཆེན་སྒོས“གཙང་བོ་གཅིག་དང་ཆུ་བོ་གསུམ”གྱི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བར་གདེང་འཇོག་ཆེན་པོ་ཐོབ་པའོ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།