ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་བྱ་བར་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་གྱི་བར་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ཞིབ་བཤེར་རྩིས་ལེན་བྱ་བྱེད་ཚན་ཆུང་གཉིས་པའི་འགོ་གཙོ་ལི་ཡོན་ཕིང་གིས་སྣེ་ཁྲིད་པ་དང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ནམ་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ཞིབ་བཤེར་རྩིས་ལེན་བྱ་བྱེད་ཚན་ཆུང་གཉིས་པའི་འགོ་གཙོ་གཞོན་པ་ཁྲུའུ་ཚའེ་ཡོན། ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ཧོ་ཝུན་དང་དཔྱད་ཞིབ་ཚན་ཆུང་གི་ཁོངས་མི་ལས་གྲུབ་པའི་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ཞིབ་བཤེར་རྩིས་ལེན་ཚན་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དང་ཅོ་ནེ་རྫོང་སོགས་རྫོང་ཐད་གཏོགས་སྡེ་ཚན་དང་ཤང་། གྲོང་རྡལ་སོགས་འབྲེལ་ཡོད་ལས་ཁུངས་སྐོར་ཞིག་ལ་ཟབ་ཞུགས་བྱས་ཏེ། ཀན་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་བྱ་བར་ཞིབ་བཤེར་རྩིས་ལེན་བྱས།

ཞིབ་རྩིས་བྱེད་པའི་སྐབས་སུ། ལི་ཡོན་ཕིང་འཁོར་དང་བཅས་པ་སྔ་རྗེས་སུ་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་དང་ཧྭ་ལིན་ཚོགས་ཁག་ཀུང་སི། ཀན་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ ཅོ་ནེ་རྫོང་རྣ་ལུང་ཤང་། ལིའུ་ལིན་གྲོང་རྡལ་ཁྲིན་ཏུང་སྡོད་ཁུལ་སོགས་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་ཡུལ་དངོས་སུ་ལྟ་ཞིབ་དང་དཔྱད་ཡིག་ལྟ་ཀློག འདྲི་རྩད་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཤང་དང་གྲོང་རྡལ། སྲང་ལམ་དོན་གཅོད་ཁང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་སྡོད་ཁུལ། སློབ་གྲྭ། ལས་ཁུངས། ཁེ་ལས་དང་ཆོས་ལུགས་སྤེལ་ས་སོགས་གཞི་རིམ་ལས་ཁུངས་ཀྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་བར་ཞིབ་བཤེར་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་གིས་སྔ་རྗེས་སུ་ཞིབ་བཤེར་རྩིས་ལེན་བྱེད་པར་འགྲོ་རོགས་བྱས།

ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་གཙོས་ནས་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ཞིབ་བཤེར་རྩིས་ལེན་བྱ་བ་ཀན་ལྷོའི་སྙན་ཞུའི་གྲོས་ཚོགས་ཚོགས། ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན་གྱིས་ཀན་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་ཨང་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་བྱ་བ་སྒྲུབ་ཚུལ་གྱི་སྙན་ཞུ་ཕུལ།

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མེང་ཡན་ལིན། ཁུལ་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ལས་ཚབ་འགོ་གཙོ་མའོ་ཧྲེང་ལི། ཁུལ་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་སོགས་སྙན་ཞུའི་གྲོས་ཚོགས་སུ་ཞུགས།

སྙན་ཞུའི་གྲོས་ཚོགས་སུ་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་གིས་གཙོ་འགན་འཁུར། “ལོ་ལྔའི་འཆར་གཞི་ཨང་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་བྱ་བ་སྤེལ་བ་ནས་བཟུང་ཀན་ལྷོ་ཁུལ་གྱིས“ལོ་ལྔའི་འཆར་གཞི་ཨང་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་དང་དམངས་ཆེན་གྱི་གྲོས་ཆོད་ཀྱི་སྤྱིའི་བླང་བྱ་དང་བཀོད་སྒྲིག་དམ་པོར་དམིགས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀན་ལྷོ་བོད་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“བཅའ་ཁྲིམས་བརྒྱད་སྤེལ”འདྲེན་བྱེད་དུ་བྱེད་པ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། “ལོ་ལྔའི་འཆར་གཞི་ཨང་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ། རིམ་པ་སོ་སོའི་ལས་བྱེད་པས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་ཁྲིམས་ལྟར་དོ་དམ་བྱེད་པ། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་པ་དང་། ཁྲིམས་སྦྱོང་ཁྲིམས་སྤྱོད་ཁྲིམས་སྲུང་བྱེད་པའི་རང་རྟོགས་རང་བཞིན་མངོན་གསལ་ཇེ་མཐོར་ཕྱིན་ཡོད། ཁྲིམས་ལྟར་ཁུལ་སྐྱོང་བའི་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ཡོད།

ཁུལ་ཨུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག ཁེ་ལས་དང་ཞིང་ཆེན་ལ་གཏོགས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།