ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་ས་གཤིས་གནོད་འཚེ་འགོག་བཅོས་བྱ་ཐབས་དོན་འཁྱོལ་བྱེད་པར་ཤུགས་བསྣན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་འབྲུབ་ཆུ་རྒྱས་སྐབས་ལ་བསླེབས་པ་ནས་བཟུང་། འབྲུག་ཆུ་རྫོང་གིས་གནོད་འགོག་གནོད་སེལ་བྱ་བ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་འགན་ཞིབ་ཕྲ་བཟོ་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འཕྲལ་བསྟུན་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འབྲུབ་དུས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་བྱ་བ་ཁག་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱས།

རྫོང་ཡོངས་ཀྱི་འབྲུབ་ཆུ་རྒྱས་དུས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། གཙང་བཤེར་བྱས་པའི་མངོན་མེད་རྐྱེན་ངན་རིགས191ལ་དོ་ཁུར་བྱས་པའི་དུས་མཚུངས་སུ། ས་གཤིས་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དྲ་འཐེན་པ་ལྟར་གཙང་བཤེར་བྱས། གཙོ་བོར་གྲོང་གསེབ་ཀྱི་སྡོད་དམངས་ཀྱིས་ལུང་ཤུར་གྱི་མདོ་ཁ་དང་སྐྲུན་ཡོད་པའི་ཁང་བ་དང་། སློབ་གྲྭ  སྨན་ཁང་སོགས་མི་ཚོགས་འདུས་ཚད་ཆེ་བའི་ས་ཁོངས་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་འབྱུང་བར་གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་། གཙང་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་ལ་དུས་ཐོག་ཏུ་བཅོས་ཐབས་ཀྱི་བྱ་ཐབས་སྣ་ཚོགས་སྤེལ།

ཀླུ་རྩེད་གྲོང་རྡལ་གྱི་བྱང་རིའི་རི་ཉིལ་མངོན་མེད་རྐྱེན་ངན་ས་ཚིགས་སུ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ས་གཤིས་གནོད་འཚེ་ཉེན་གཡོལ་དངོས་སྦྱོང་སྤེལ་ནས། སྡེ་ཚན་ཁག་གིས་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་པའི་ཁྲོད་མཐུན་སྦྱོར་གཞོགས་འདེགས་དང་མཉམ་སྡེབ་དམག་འཐབ་ཀྱི་ནུས་པ་མཐོར་འདེགས་བཏང་། ཤང་གྲོང་སོ་སོས་མངའ་ཁོངས་ཀྱི་ས་གཤིས་གནོད་འཚེའི་ཁྱད་ཆོས་དང་བསྟུན་ནས། མང་ཚོགས་ཀྱི་ཉེན་ཁའི་གནས་ཚུལ་དང་འཕྲད་ན་རང་འགོག་རང་སྐྱོབ་བྱེད་པའི་སྔོན་ཇུས་ཞིབ་ཚགས་བཟོ་བ་དང་ཉེན་གཡོལ་དངོས་སྦྱོང་སྤེལ།

རྫོང་ཡོངས་ཀྱི་ཉེན་བརྡ་གཏོང་མཁན87དང་ཤང་གྲོང་ཁག་གི་ལས་བགོས་ཤང་ཀྲང་གཞོན་པར་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་དང་། གནོད་འགོག་གནོད་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས། ས་གཤིས་གནོད་འཚེའི་འཇིགས་སྐུལ་ཚབས་ཆེན་ཕོག་པའི་སྡེ་བ་དང་ཚན་ཆུང་དུ་མང་ཚོགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་དང་གནོད་འགོག་གནོད་སེལ་ཤེས་བྱ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པས་གནོད་འགོག་གནོད་སེལ་བྱ་བ་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་བར་རྨང་གཞི་བཏིངས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།