ཀྲང་ཡེ་གྲོང་ཁྱེར་ལུའུ་ཧྲུའེ་མཚོ་ཁུག་གི་ཡུལ་ལྗོངས་དེ་ལས་མཛེས།

1126327255_15965927180511n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ལུའུ་ཧྲུའེ་མཚོ་ཁུག་གི་སྐྱེ་ཁམས་མཛེས་ལྗོངས་ཁུལ་དུ་གནམ་ངོ་རབ་ཏུ་དྭངས་ཤིང་། ཁོར་ཡུག་སྔོ་ཞིང་ལྗང་བ། མཛེས་ལྗོངས་ཡིད་དུ་འོང་བ་རེད། ལུའུ་ཧྲུའེ་མཚོ་ཁུག་སྐྱེ་ཁམས་མཛེས་ལྗོངས་ཁུལ་དེ་ཀྲང་ཡེ་གྲོང་ཁྱེར་གྱི་པིན་ཧི་ཁུལ་གསར་དུ་གནས་ཡོད། ས་ཁྱོན་ལ་མུའུ4500ཡོད་པ་དང་། དེའི་ནང་ཆུ་ཁོངས་རྒྱ་ཁྱོན་མུའུ2260ཟིན་ཞིང་། ལྗང་འགྱུར་ནགས་སར་མུའུ1790ཟིན་ཡོད་པ་རེད། དེའི་ནང་སྤྲོ་གསེང་ཐང་ཆེན9དང་སྤྱི་ལེ20ལྷག་ཡོད་པའི་ལུས་སྦྱོང་རྐང་ལམ་སོགས་ཡོད་པས་ཡུལ་སྐོར་བས་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། །

1126327255_15965927022351n.jpg

1126327255_15965927278941n.jpg

1126327255_15965927388321n.jpg

1126327255_15965927469751n.jpg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།