ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”གཏན་འགོག་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཅོ་ནེ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དང་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། སྔ་རྗེས་སུ་ཅོ་ནེ་རྫོང་ལིའུ་ལིན་སློབ་འབྲིང་དང་འབྲེལ་ཡོད་སྡེ་ཁག་དང་ཚན་པར་ཞུགས་ནས། རྒྱ་ཆེའི་སློབ་མའི་ཁྱིམ་བདག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པརཏང་ཡོན་ལས་བྱེད་པས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”སྤེལ་མི་ཆོག་པ་དང་དེ་རིགས་ཀྱི་གསོལ་སྟོན་ལ་ཞུགས་མི་ཆོག་པའི་དྲན་སྐུལ་བྱང་བུ་དང“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”གཏན་འགོག་དང་རྒྱས་སྤྲས་ཆུད་ཟོས་དང་ཕན་ཚུན་བསྡུར་རེས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལག་དེབ་ཚར1500ལྷག་འགྲེམ་སྤེལ་བྱས།

ཐེངས་འདིར་འགྲེམ་སྤེལ་བྱས་པའི་དྲན་སྐུལ་བྱང་བུ་དང་དྲིལ་བསྒྲགས་ལག་དེབ་ཀྱི་ཁྲོད་དུ་གཙོ་བོ་སློབ་གསོར་ཤུགས་སྣོན་དང་ཧུར་བརྩོན་གྲོན་ཆུང་དར་སྤེལ་བཏང་བ། རང་གཅུན་འདུ་ཤེས་ཟབ་ཏུ་བཏང་ནས། “སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”ནང་ཞུགས་རྒྱུ་གཏན་འགོག་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། དམངས་ཡོངས་སྐུལ་སློང་བྱས་ཏེ་རང་རྟོགས་ཀྱིས་སྤྱོད་ངན་སྲོལ་ངན་བཀག་འགོག་བྱེད་པ་དར་སྤེལ་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དར་སྤེལ་གཏོང་བ། ཡ་རབས་ཀྱི་རྟེན་འབྲེལ་ཞུ་སྲོལ་དང་། སྟབས་བདེ་གྲོན་ཆུང་གི་རྟེན་འབྲེལ་ཞུ་སྲོལ་དར་སྤེལ་གཏོང་བ་སོགས་ཀྱི་ཐད་དུ་བླང་བྱ་གསལ་བོ་བཏོན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།