ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་པའི་དབུལ་ཐར་གྱི་སྣེ་ཁྲིད་པ་སྒྲོལ་མ་སྐྱིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་རྐང་ཚ་གྲོང་ཚོའི་རྣམ་པ།

1.jpg

སྒྲོལ་མ་སྐྱིད་ཀྱིས་བཟོ་གྲྭའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

1.jpg

སྒྲོལ་མ་སྐྱིད་ཀྱིས་ཚེ་རིང་བཀྲ་ཤིས་ཀྱི་ཁྱིམ་དུ་རང་འབབ་ཆུ་ཡོང་བའི་གནས་ཚུལ་ལ་ལྟ་བ།

1.jpg

  སྒྲོལ་མ་སྐྱིད་ཀྱིས་དབུལ་སྐྱོར་འཁོར་ཁང་ནང་དུ་བཟོ་བ་དང་ཁ་བརྡ་བྱེད་བཞིན་པ།

1.jpg

སྒྲོལ་མ་སྐྱིད་ཀྱིས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་དང་མཉམ་དུ་གྲོང་མིའི་བདེ་ཐང་ཡིག་ཚགས་ཞིབ་བསྡུར་བྱེད་པ།

1.jpg

  སྒྲོལ་མ་སྐྱིད་ཀྱིས་ལས་གྲོགས་དང་མཉམ་དུ་གྲོང་མིའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

1.jpg

   བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་རྐང་ཚ་གྲོང་ཚོའི་འབྲོག་སའི་ཡུལ་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྐང་ཚ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་གྱི་འབྲོག་ལས་གྲོང་ཚོ་ཞིག་ཡིན་ཞིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི3000ཡན་ཟིན་ཡོད།  2018ལོར་བསང་ཆུ་རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་དུ་ལས་ཀ་བྱེད་བཞིན་པའི་སྒྲོལ་མ་སྐྱིད་ཀྱིས་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་པ་ནས་བཟུང་ལོ་རེར་ཉིན200ལྷག་ཙམ་ལ་རྩྭ་ཐང་དུ་ལས་ཀ་སྒྲུབ་པའི་འགོ་བརྩམས།

  ལོ་གཉིས་རིང་ལ་སྒྲོལ་མ་སྐྱིད་ཀྱིས་མང་ཚོགས་དག་སྣེ་ཁྲིད་དེ་དབུལ་སྐྱོར་འཁོར་ཁང་བཙུགས་ཤིང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་མ་ཟད་ངལ་ནུས་ཕྱིར་གཏོང་གི་འབྲེལ་བ་འཛུགས་པའི་ལས་ལ་བྲེལ་བཞིན་ཡོད། འབྲོག་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལ་ཤེས་རྟོགས་བྱེད་ཐུབ་པའི་ཆེད། སྒྲོལ་མ་སྐྱིད་ཁྱིམ་ཚང་རེ་རེར་སོང་ནས་སྲིད་ཇུས་བཤད་པ་དང་། གྲོང་གསེབ་ཀྱི་རྣམ་པ་བསྒྱུར་བའི་ཆེད་དུ་སྒྲོལ་མ་སྐྱིད་ཀྱིས་ཚང་མར་གསང་སྤྱོད་གསར་བརྗེ་དང་སྒོ་རའི་ཁོར་ཡུག་དཔྱད་བསྡུར་བྱེད་པའི་བྱ་འགུལ་སོགས་སྤེལ་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི”གསར་གཏོད་བྱ་སྤྱོད་དང་ཧུར་གྱིས་བསྟུན། གཞན་ཡང་མོས་ད་དུང་རྫོང་གྲོང་ནས་སྨན་པ་གདན་དྲངས་ཏེ་འབྲོག་པ་དག་ལ་བདེ་ཐང་འཆད་ཁྲིད་བྱས་པ་དང་གྲོང་གསེབ་ཡོངས་ཀྱི་བུད་མེད་ཁྲོད་དུ“འབྲས་སྐྲན་གཉིས་བརྟག་དཔྱད”བཅས་བྱས་པ་རེད།

  ད་ལྟ། རྐང་ཚ་གྲོང་ཚོ་ནི་གཙང་ཞིང་གྲལ་དག་པ་དང་། འབྱོར་ཕྱུག་ལྡན་པ། མཛེས་སྡུག་ལྡན་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྲོང་ཚོར་གྱུར་ནས་གྲོང་ཚོ་ཧྲིལ་བོ་སྔོན་ན་དབུལ་ཐར་བྱུང་བ་དང་། སྒྲོལ་མ་སྐྱིད་ཀྱིས“རྩྭ་ཐང་དང་རྩྭ་ཐང་གི་འབྲོག་པ་ཚང་མ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་རྒྱུ”་ནི་ངའི་བསམ་འདུན་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།