ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས“གྲོང་ཁྱེར་གྱི་མགྲོན་བསུ་ཁང”བཙུགས་ཏེ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་ཡིན་ལ། མི་དམངས་ཀྱི་གྲོང་ཁྱེར་ནི་མི་དམངས་ཀྱི་ཆེད་དུ་ཡིན།”ཞེས་པ་ལྟར། ད་ལོ་ཀླུ་ཆུ་རྫོང་གིས་ཡུལ་བབ་དང་བསྟུན་ཏེ་གནད་ཁེལ་ཇུས་འདོན་བྱས་ཡོད་ཅིང་། སྒོ་འབྱེད་རྣམ་པའི་སྤྲོ་གསེང་དང་སྒོ་འབྱེད་རྣམ་པའི་གཞུང་སྒྲུབ་འདུ་ཤེས་སུ་བཟུང་སྟེ། ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱས་ཡོད་ལ། རང་འགུལ་ངང་ལས་ཁུངས་ཀྱི་སྒོ་ར་དེ་སྤྱི་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་བརྩིས་ནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ལ་ས་མཐོའི་ཁྱད་ཆོས་ལྡན་པའི་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཀྱིན་ཡོད། 

ཀླུ་ཆུ་རྫོང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ལས་ཀའི་འགན་ནུས་ནན་ཏན་ངང་བསྒྲུབས་ཡོད་ཅིང་། འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད་རང་འགུལ་ངང་ལས་ཁུངས་ཁག་གི་གཞུང་ལས་འཛུགས་སྐྲུན་དང་སྤྲོ་གསེང་ས་ཁོངས་ཀྱི་སྔར་ཡོད་གྱང་ར་དང་ར་སྐོར་རྙིང་བ་བཤིག་ནས། མི་རྣམས་ཀྱི་སྤྲོ་གསེང་ས་ཁོངས་རྒྱ་ཆེ་རུ་བཏང་ནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས། སྤྱི་གླིང་དང་ལུས་རྩལ་ཐང་ཆེན་སོགས་སུ་ཉིན་ལྟར་སྤྲོ་གསེང་དང་ལུས་སྦྱོང་བྱེད་པའི་སྡེ་མི་ཡོད་ལ། གཞོན་ནུ་ཚོས་འགྱིག་བཟོས་རྒྱུག་ལམ་ཐོག་དལ་མོར་རྒྱུག་སྟེ་ལུས་པོ་བདེ་ཐང་ཡོང་བ་བྱེད་ཅིང་། བྱིས་པ་ཚོས་རྩྭ་ཐང་ཐོག་རྩེད་འཇོར་རོལ་བ་དང་རྒན་རྒོན་ཚོས་སྤྱི་གླིང་ནང་མིག་མངས་རྩེད་པ་སོགས་ལ་ཧ་ཅང་དགའ་མོས་ཡོད་པས་དམངས་ཡོངས་ཀྱི་སྤྲོ་གསེང་དང་ལྷོད་གཡེང་། ལུས་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད། དུས་མཚུངས་སུ་གཞུང་ལས་ཐོག་ཁང་གི་གྱང་ར་བཤིག་སྟེ་སྲིད་གཞུང་གི་གཞུང་ལས་བྱེད་གནས་དེ“གྲོང་ཁྱེར་གྱི་མགྲོན་བསུ་ཁང”དུ་བསྒྱུར་བས། ཚད་ངེས་ཅན་ཞིག་གི་ཐོག་ནས་མང་ཚོགས་ཀྱི“སེམས་ཀྱི་སྒེའུ་ཁུང”ཕྱེ་ཞིང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བའི“མཐའ་མའི་སྤྱི་ལེ་གཅིག”དེ་ཐག་ཇེ་ཉེར་གཏོང་ཐུབ་ཀྱིན་ཡོད་ལ། འདི་ནི་བྱམས་བརྩེའི་ཉི་འོད་ཀྱིས་ཕྱུག་པའི་སྲིད་གཞུང་འཛུགས་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་དོན་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ལས་ཆོད་ཆེ་བ་དང་ཕྱི་གསལ་ནང་གསལ། དངོས་དོན་གཉེར་བ། བྱམས་བརྩེའི་ཁེངས་པ་བཅས་ཀྱི་སྲིད་དོན་ཞབས་ཞུ་འཛུགས་ཐུབ་ལ། ལས་ཁུངས་དང་སྡེ་ཁག་གི་སྒོ་ར་དེ་མི་དམངས་མང་ཚོགས་ཀྱི་སེམས་ནང་གི“མིང་བྱང”ཞིག་ཏུ་གྱུར་ཡོད།

སྒོ་འབྱེད་ཀྱི་རྣམ་པ་བཏོད་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ཡོད་ཅིང་།གྲོང་ཁྱེར་གྱི་སྐྱིད་སྣང་གི་ཚད་གཞི་ཇེ་མཐོ་རུ་ཕྱིན་པས་གྲོང་ཁྱེར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།